ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

མཚོ་གླིང་བདག་དབང་གི་རྩོད་གླེང་ཁག་ཞི་བའི་ངང་ནས་སེལ་ཐབས་བྱེད་དགོས་པའི་འབོད་བསྐུལ།


མ་ལེ་ཤི་ཡའི་ནང་འཚོག་བཞིན་ཡོད་པའི་ལྷོ་ཤར་ཨེ་ཤི་ཡའི་ ཡུལ་ཁག་མཉམ་འབྲེལ་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམས་ཀྱིས། ལྷོ་རྒྱ་ནག་རྒྱ་ མཚོའི་ནང་། མཚོ་གླིང་བདག་དབང་གི་རྩོད་རྙོག་ཡོད་པ་དེ་དག ཞི་བའི་ངང་ ནས་འགྲིགས་འཇགས་བྱེད་དགོས་པའི་འབོད་བསྐུལ་བྱེད་ཀྱི་ཡོད་པ་རེད། དེ་ཡང་། རྩོད་གཞི་ཆེ་བའི་Spratly མཚོ་གླིང་ཁག་གི་ནང་། རྒྱ་ནག་གིས་ མཚོ་གླིང་དེ་དག་རྒྱ་ནག་རང་ཉིད་ལ་བདག་གི་ཡོད་པའི་འདོད་དོན་རྣམས་ མངོན་དུ་འགྱུར་ཐུབ་ཐབས་སུ་དམིགས་ཏེ་ལས་འཆར་མང་པོ་ལག་བསྟར་བྱེད་ བཞིན་ཡོད་པའི་གནད་དོན་ཁག་གི་ཐད། ལྷོ་ཤར་ཨེ་ཤི་ཡའི་ཡུལ་ཁག་མཉམ་ འབྲེལ་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམས་ཀྱིས་བློ་འཚབ་བྱེད་ཀྱི་ཡོད་པ་གོང་ཞུས་ཀྱི་འབོད་བསྐུལ་དེས་གསལ་པོར་མཚོན་གྱི་ཡོད་པ་རེད།

XS
SM
MD
LG