ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨེ་ཤི་ཡ་དང་ཨ་ཕྷི་རི་ཀའི་ཚོགས་ཆེན་ཐེངས་དྲུག་ཅུ་པ་དེ་འགོ་འཛུགས་བྱས་ཡོད་པ།


གླིང་ཆེན་ཨེ་ཤི་ཡ་དང་ཨ་ཕྷི་རི་ཀའི་ལོ་འཁོར་ཚོགས་ཆེན་འཚོག་འགོ་ཚུགས་ཏེ་ འདི་ལོ་ ལོ་དྲུག་ཅུ་ཐམ་པ་ཧྲིལ་པོ་འཁོར་གྱི་ཡོད་པས་ དུས་དྲན་དེ་ལ་སྲུང་བརྩིའི་མཛད་སྒོ་གཟབ་རྒྱས་ཤིག་ཀྱང་བྱ་རྒྱུའི་འཆར་གཞི་ཡོད་ཅིང་ འདི་ལོའི་ལོ་འཁོར་ཚོགས་ཆེན་དངོས་གཞི་ ཨིན་ཌོ་ནཱེ་ཤཱི་ཡེའི་རྒྱལ་ས་ཇཱ་ཀར་ཏཱ་ནང་འགོ་འཛུགས་བྱས་ཏེ་ གཟའ་ཟླ་བའི་ཉིན་དེ་གར་གླིང་ཆེན་དེ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ལྷན་འཛོགས་གནང་སྟེ་ གྲོས་མོལ་གནང་ཡོད་པ་རེད་ བློན་ཆེན་རིམ་པའི་གྲོས་མོལ་ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི་ ཚོགས་ཞུགས་ཡུལ་གྲུ་ཁག་གི་ཆེས་མཐོའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཤིག་བྱ་རྒྱུའི་འཆར་གཞི་ཡོད་པ་དེ་གྲ་སྒྲིག་བྱ་རྒྱུའི་ཆེད་དུ་ཡིན་ཞིང་ ཨེ་ཤི་ཡ་དང་ཨ་ཕྷི་རི་ཀའི་ལོ་འཁོར་ཚོགས་ཆེན་འདི་རིགས་ཀྱི་དམིགས་ཡུལ་གཙོ་བོ་ནི་ ཚོགས་ཞུགས་རྒྱལ་ཁབ་ནང་ཁུལ་ དཔལ་འབྱོར་དང་ ཆབ་སྲིད་ སྤྱི་ཚོགས་ རིག་གཞུང་ དེ་བཞིན་ ཁོར་ཡུག་བཅས་ཀྱི་ལས་དོན་ཐད་མཉམ་ལས་ཀྱི་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུའི་ཆེད་དུ་ཡིན་པ་རེད་ ཐེངས་འདིའི་ཚོགས་ཆེན་གྱི་་ནང་ རྒྱལ་ཁབ་ཁྱོན་༨༡ཙམ་ཞིག་གི་སྐུ་ཚབ་དང་ ཚོང་དོན་མི་སྣ་བཅས་ཚོགས་ཞུགས་བྱེད་ཀྱི་ཡོད་འདུག

XS
SM
MD
LG