ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་སཱི་པཊ་ལི་གླིང་ཕྲན་གྱི་ནང་གནམ་ཐང་དང་པོ་དེ་རྒྱག་འགོ་ཚུགས་ཡོད་པ།


རྒྱ་ནག་གིས་ ཨེ་ཤི་ཡེའི་རྒྱལ་ཁབ་གཞན་མང་པོ་དང་བདག་དབང་གི་ཐད་རྩོད་གླེང་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་སཱི་པཊ་ལི་གླིང་ཕྲན་ཁག་གི་ནང་ འཛུགས་བསྐྲུན་རྒྱ་ཆེ་ཞིག་བྱས་ཏེ་ གནམ་ཐང་ཞིག་ཀྱང་རྒྱག་འགོ་ཚུགས་ཡོད་པ་ བཅོས་མའི་རྒྱུ་སྐར་གྱིས་བླངས་པའི་བརྙན་པར་གྱི་ནང་གསལ་པོ་མཐོང་རྒྱུ་ཡོད་འདུག་ དེ་ཡང་ རྒྱལ་སྲུང་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་(IHS Jane’s)ཞེས་པའི་བདུན་རེའི་དུས་དེབ་ཀྱིས་ ཉེ་དུས་བཅོས་མའི་རྒྱུ་སྐར་གྱི་ཐོག་ནས་བརྒྱབ་པའི་བརྙན་པར་ཁག་ཅིག་ གཟའ་ཕུར་བུའི་ཉིན བཏོན་ཡོད་པ་དེ་ཚོའི་ནང་ རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ གླིང་ཕྲན་གསར་པ་མང་པོ་ཞིག་འཛུགས་བསྐྲུན་བྱེད་ཀྱི་ཡོད་པ་མ་ཟད་ གསར་དུ་འཛུགས་བསྐྲུན་བྱས་པའི་གླིང་ཕྲན་དེ་དག་གི་ནང་ གནམ་གྲུའི་བབས་ཐང་ཡང་འཛུགས་བསྐྲུན་བྱེད་འགོ་ཚུགས་ཏེ་ གླིང་ཕྲན་དེ་དག་རང་ལ་བདག་གི་ཡོད་པའི་རྣམ་པ་འདོན་ཤུགས་ཆེ་རུ་བཏང་ཡོད་པའི་མཐོང་ཚུལ་གསལ་པོ་ཡོད་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།

XS
SM
MD
LG