ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་གིས་ཉི་ཧོང་ནང་ཁོར་ཡུག་གི་ཚོགས་འདུར་བཀའ་སློབ་བསྩལ་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཀྲོག་ཀྱོར་མི་རབས་རྗེས་མའི་ཆེད་གོ་ལའི་ཁོར་ཡུག་ཅེས་པའི་བགྲོ་གླེང་ཚོགས་འདུར་གནམ་གཞིས་འགྱུར་ལྡོག་དང་ཁོར་ཡུག་རྩ་མེད་བཟོ་བ་ནི་འགྲོ་བ་མིས་གདོང་ལེན་བྱེད་དགོས་པའི་འཚེ་བའི་ལས་ཤིག་ཡིན་པས་དེ་འགོག་ཐབས་བྱེད་དགོས་པ་འགྲོ་བ་མིའི་འགན་འཁུར་རེད་ཅེས་བཀའ་སློབ་གནང་འདུག དེ་ཡང་རེས་གཟའ་ཟླ་བའི་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཀྲོག་ཀྱོའི་ཡོ་མིའུ་རོ་ཚོགས་ཁང་ཆེ་མོའི་ནང་ཚན་རིག་པ་དང་ཁོར་ཡུག་ཉམས་ཞིབ་པ་སོགས་ཆེད་ལས་མཁས་པ་ཆིག་སྟོང་ལྔ་བརྒྱ་ཙམ་འཛོམས་པའི་བགྲོ་གླེང་ཚོགས་འདུར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ གནམ་གཤིས་ལ་འགྱུར་བ་ཧ་ཅང་མགྱོགས་པོ་འགྲོ་བཞིན་ཡོད་པ་དང་ཆབས་ཅིག རང་བྱུང་གི་གནོད་འཚེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད། འགྲོ་བ་མིས་རང་བྱུང་དང་ཁོར་ཡུག་ལ་བདག་སྤྲོད་བྱེད་དགོས་པ་དེ་ཛ་དྲག་གི་ལས་དོན་ཞིག་ལ་གྱུར་ཡོད་པ་དང་གོ་ལ་ནི་འགྲོ་བ་མིའི་ཁྱིམ་ཚང་ཡིན་པར་བརྟེན་དེར་བདག་སྤྲོད་བྱེད་དགོས་པ་དེ་འགྲོ་བ་མིའི་འགན་འཁུར་རེད་ཅེས་བཀའ་བསྩལ་འདུག དེ་ཉིན་སྔ་དྲོ་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཁག་གཅིག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་མགྲོན་ཁང་དུ་བཅར་ནས་མཇལ་འཕྲད་བཀའ་བསྡུར་གནང་འདུག

XS
SM
MD
LG