ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བླ་ཆེན་པོབ་ཀྱིས་སི་རི་ཡ་དང་ཨི་རག་གི་ནང་ཞི་བདེ་བསྐྲུན་དགོས་པའི་འབོད་སྐུལ།


ཡི་ཤུའི་སྟོན་པ་འདས་ལོག་ལ་ཕེབས་པའི་དུས་ཆེན་གྱི་ཉིན་བླ་ཆེན་པོབ་ཀྱིས་སི་རི་ཡ་དང་ ཨི་རག་སོགས་ཀྱི་ནང་ཞི་བདེ་བསྐྲུན་དགོས་པའི་འབོད་སྐུལ་གནང་བ་དང་ དེ་བཞིན་བླ་ཆེན་པོབ་མཆོག་གིས་གོང་ཞུས་ཡུལ་གྲུ་དེ་གཉིས་ཀྱི་ནང་གནས་པའི་འགྲོ་བ་མི་རྣམས་ལ་དཀའ་སྡུག་ཚད་མེད་འཕྲད་ཀྱི་ཡོད་པ་དེ་དག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་སེལ་དགོས་ལུགས་འབོད་སྐུལ་གནང་ཡོད་པ་མ་ཟད་ བླ་ཆེན་པོབ་མཆོག་གིས་ཡུ་གི་རན་དང་ ལི་བྷི་ཡ་ ཡེ་མེན་ ན་ཇི་རི་ཡ་ སྲུ་དྷན་བཅས་ཡུལ་གྲུ་ཁག་གི་ནང་དུ་ཡང་ཞི་བདེ་བསྐྲུན་དགོས་པ་ཡིན་ཞེས་གསུངས་ཡོད་པ་རེད།

XS
SM
MD
LG