ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀྲུག་ཡུང་ཁང་ལ་དངོས་སུ་ཁྲིམས་ལ་གཏུགས་པ།


ཀྲུག་ཡུན་ཁང་སྐབས་ཤིག་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོའི་གྲས་སུ་དབང་ཐང་ཆེ་བའི་སྲིད་དོན་པ་ཞིག་ཡིན་པ་དང་། ཞིས་ཅིན་ཕིང་གིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་པའི་ལས་འགུལ་ནང་དུ་ཀྲུག་ཡུང་ཁང་ལའང་རྡུང་རྡེག་ཕོག་སྟེ། ཕྱི་ཟླ་༤་ཚེས་༣་ཉིན་རྒྱ་ནག་གི་ཁྲིམས་གཏུག་ལྷན་ཁང་གི་དྲ་རྒྱའི་ནང་དུ་གནས་ཚུལ་སྤེལ་པ་ལྟར་ན། ཀྲུག་ཡུང་ཁང་གིས་རྒྱལ་ཡོངས་རྡོ་སྣུམ་བཟོ་ཚོང་མཉམ་འབྲེལ་ཁང་གི་འགོ་ཁྲིད་ཀྱི་གོ་གནས་བཟུང་བའི་རིང་ལ་ལྐོག་ཟ་བྱས་པ་དང་དབང་ཆ་བེད་སྤྱོད་ལོག་པ་བཏང་བ། ཁོང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་ཡོད་ཅེས་དངོས་སུ་ནག་ཉེས་བཙུགས་ཏེ་ཁྲིམས་བཤེར་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ཅིང་། ཀྲུག་ཡུང་ཁང་བགྲེས་ཡོལ་ལ་མ་སོང་གོང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མིའི་གྲས་སུ་རྒྱ་ནག་གི་གསང་བའི་ལས་ཁང་ཁག་དང་བདེ་འཇགས་ཚན་པ་ཁག སྤྱི་བདེ་བཅས་ཀྱི་ལྷན་ཁང་ཁག་གི་སྤྱི་ཁྱབ་འགོ་ཁྲིད་ཀྱི་གོ་གནས་མཐོན་པོ་བཟུང་མྱོང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG