ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་བལ་ཡུལ་དང་ཚོང་དོན་རང་དབང་གི་གྲོས་མཐུན་འཇོག་རྒྱུའི་འདོད་པ་ཡོད་པ།


རྒྱ་ནག་དང་བལ་ཡུལ་གཉིས་འགྲིམ་འགྲུལ་དང་། རྨང་གཞིའི་འཛུགས་བསྐྲུན། ཆུ་ཤུགས་གློག་འདོན་གྱི་ལས་འཆར། དེ་བཞིན། ཞིང་ལས་དང་། ཚན་རིག་དང་། འཕྲུལ་རིག དེང་རབས་ཅན་ལ་འགྱུར་རྒྱུ་བཅས་ཀྱི་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་དང་། གཏིང་གཟབ་ཏུ་གཏོང་དགོས་པ་ཡིན་ཞེས། རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་གིས་བརྗོད་ཡོད་པ་མ་ཟད། ད་དུང་བལ་ཡུལ་དང་ཚོང་དོན་རང་དབང་གི་གྲོས་མཐུན་ཞིག་གང་མགྱོག་འཇོག་རྒྱུའི་འདོད་པ་ཡང་ཡོད་ཅེས་བརྗོད་ཡོད་པ་རེད། དེ་ཡང་། རྒྱ་ནག་གི་ལྷོ་ཕྱོགས་ཞིང་ཆེན་ཧཱེ་ནེན་གྱི་གྲོང་བརྡལ་བྷའོ་རུ། ཨེ་ཤི་ཡེའི་གླེང་སྟེགས་ཞེས་པའི་ལོ་འཁོར་ཚོགས་འདུ་ཞིག་འཚོགས་ཡོད་པ་དེའི་ཞོར་དུ། གཟའ་སྤེན་པའི་ཉིན། ཞཱི་ཅིང་ཕིང་གིས། བལ་ཡུལ་གྱི་སྲིད་འཛིན་རཱམ་ བྷ་རན་ ཡཱ་དྷབ་དང་ཐུག་འཕྲད་གྲོས་མོལ་བྱས་ཏེ། བལ་ཡུལ་གཞུང་གིས་བོད་དང་ཐེ་ཝན་དང་འབྲེལ་བའི་གནད་དོན་ཁག་གིས་མཚོན་པའི། རྒྱ་ནག་གིས་གལ་ཆེར་ངོས་འཛིན་བྱེད་པའི་གནད་དོན་ཁག་གི་ཐད་མཐའ་ཅིག་ཏུ་རྒྱབ་སྐྱོར་བྱེད་པར་བཀྲིན་ཆེ་ཞེས་བརྗོད་ཡོད་པ་དང་། དེ་ནི། བལ་ཡུལ་གཞུང་གིས། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་བཙན་བྱོལ་བོད་མི་རྣམས་ལ་དྲག་གནོན་བྱེད་པའི་སྲིད་བྱུས་ཤིག་ལག་ལེན་མུ་མཐུད་ནས་བསྟར་གྱི་ཡོད་པ་དེར་དམིགས་ཏེ་བཤད་པ་ཞིག་ཡིན་པ་རེད།།

XS
SM
MD
LG