ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དབྱིན་ཡུལ་ནང་རྒྱ་ནག་གི་རིག་གཞུང་སློབ་ཁྲིད་བྱ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་པ།


དབྱིན་ཡུལ་གྱི་སྔོན་འགྲོའི་སློབ་གྲྭ་ཁག་དང་ གཞི་རིམ་སློབ་གྲྭ་ཁག་སོགས་ཀྱི་དགེ་རྒན་བརྒྱ་སྐོར་ཙམ་ཞིག་ལ་རྒྱ་ནག་གཞུང་གིས་དབྱིན་སྒོར་སྟོང་ཕྲག་མང་པོ་འགྲོ་སོང་བཏང་སྟེ་རྒྱ་སྐད་དང་ རྒྱ་ནག་གི་རིག་གཞུང་སོགས་སློབ་ཁྲིད་བྱེད་དུ་འཇུག་གི་ཡོད་པའི་ལས་དོན་ལ་དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་ དེ་ཡང་དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པས་གཟའ་འཁོར་རྗེས་མའི་ནང་དབྱིན་ཡུལ་གྱི་སློབ་གྲྭ་དང་ སློབ་གྲྭའི་འཛིན་སྐྱོང་དང་འབྲེལ་བའི་ལས་ཁུངས་ཁག་སོ་སོ་བཅས་ལ་རྒྱ་ནག་གི་རིག་གཞུང་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་བྱ་རྒྱུར་བློ་འཚབ་ཡོད་པའི་ཐད་ཞུ་ཡིག་ཁག་འབུལ་འཆར་ཡོད་པ་རེད་ དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་དམ་འཛིན་བྱེད་མཁན་འགོ་ཁྲིད་ཚོས་ཡུལ་དེའི་ནང་དང་ ལྷག་པར་དུ་བོད་ལ་སོགས་པའི་ནང་གཏམ་བརྗོད་རང་དབང་དང་ འགྲོ་བ་མིའི་ཐོབ་ཐང་ལ་བརྩིས་མེད་རྡོག་རོལ་གཏོང་གི་ཡོད་པའི་གནས་ཚུལ་རྣམས་དབྱིན་ཡུལ་མང་ཚོགས་ཀྱིས་ངེས་པར་དུ་ཤེས་དགོས་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG