ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གསུང་ཆོས་གནང་རྒྱུ་དབུ་འཛུགས་གནང་ཡོད་པ།


འཁོན་རིགས་བསྟན་པའི་སྲོག་ཤིང་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ཨ་མི་རི་ཀའི་ནང་ཟླ་བ་གསུམ་ཙམ་གྱི་རིང་ཆོས་འབྲེལ་གྱི་གསུང་ཆོས་དང་བཀའ་དབང་བཀྲིན་བརྩལ་རྒྱུའི་མཛད་འཆར་ཡོད་པ་ལྟར། དེང་སང་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་ཆིབས་བསྒྱུར་བསྐྱངས་ཏེ་ཉེ་དུས་འདི་ཟླའི་ཚེས་༡༩ནས་བཟུང་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་གསུང་ཆོས་དང་བཀའ་དབང་བཀྲིན་བརྩལ་རྒྱུ་དབུ་འཛུགས་མཛད་ཡོད་ཅིང་། ནིའུ་ཡོག་གི་རྗེས་ལ་དཔལ་བདག་ཁྲི་རིན་པོ་ཆེ་མཆོག་ཨ་མི་རི་ཀའི་རྒྱལ་ས་ཝཱ་ཤིང་ཀྲན་དང་། གྲོང་ཁྱེར་ཌེན་ཝར། ལོསོ་ཨེན་ཇེ་ལེ་སེ། མིན་ནི་ཡསེ་པོ་ལི་སི་སོཌ་ལ་ཆིབས་བསྒྱུར་མཛད་དེ་གསུང་ཆོས་དང་བཀའ་དབང་སོགས་བཀྲིན་བསྐྱང་འཆར་ཡོད་པ་རེད།

XS
SM
MD
LG