ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྐོག་ས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་མི་སྣའི་མིང་གཞུང་ཨ་རི་ལ་སྤྲད་ཡོད་པ།


རྒྱ་ནག་གཞུང་གིས་ལྐོག་ས་རུལ་སུངས་དང་འབྲེལ་བ་ཡོད་པའི་རྒྱ་རིགས་གཞུང་འབྲེལ་མི་སྣ་ཁག་ཅིག་ཨ་མི་རི་ཀར་བྲོས་བྱོལ་དུ་བསྐྱོད་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་དག་གི་མིང་གཞུང་ཨ་མི་རི་ཀར་མཁོ་སྤྲོད་བྱས་ཡོད་པ་དང་ དེ་ཡང་ལྐོག་ས་རུལ་སུངས་སྔོན་འགོག་བྱེད་མཁན་ལས་ཁུངས་ཀྱི་འགན་འཛིན་ཤུ་ཅིན་ཧུའི་ཡིས་རྒྱ་ནག་གི་ཉིན་རེའི་གསར་ཤོག་ལ་ཡུལ་དེའི་ནང་ལྐོག་ས་རུལ་སུངས་བྱས་ཏེ་ཨ་མི་རི་ཀར་བྲོས་བྱོལ་དུ་སྐྱོད་མཁན་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་གི་མིང་གཞུང་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོར་སྤྲད་ཡོད་པའི་འགྲེལ་བརྗོད་བྱས་པ་དང་འབྲེལ་ ན་ནིང་ལྐོག་ས་རུལ་སུངས་བྱེད་མཁན་ཡུལ་དེའི་གཞུང་འབྲེལ་མི་སྣ་༡༥༠ལྷག་ཙམ་ཞིག་ཨ་མི་རི་ཀར་བྲོས་བྱོལ་དུ་ཕྱིན་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG