ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གི་དགུང་གྲངས་༨༠ཐམ་པར་རྒྱལ་སྤྱིའི་སྙིང་རྗེའི་ལྷན་འཛོམས་གནང་གི་ཡོད་པ།


བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་བདུན་པའི་ཚེས་དྲུག་གི་ཉིན་དགུང་གྲངས་བརྒྱད་ཅུར་ཕེབས་ཀྱི་ཡོད་པར་སྲུང་རྩི་ཞུ་རྒྱུར། ཨ་མི་རི་ཀའི་ནུབ་ཕྱོགས་ཀྱི་མངའ་སྡེ་ཀྱེ་ལི་ཕོར་ནི་ཡའི་ནང་རྒྱལ་སྤྱིའི་སྙིང་རྗེའི་ཆེས་མཐོའི་ལྷན་འཛོམས་ཤིག་གནང་རྒྱུ་ཡིན་པ་དང་། དུས་ཚིགས་དེར་སྲུང་བརྩི་ཞུ་རྒྱུར། ཀེ་ལི་ཕོར་ནི་ཡ་རྒྱ་རྒྱུད་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པས་མངའ་སྡེ་དེའི་ནང་ཡོད་པའི་རྒྱལ་སྤྱིའི་སྙིང་རྗེའི་ཆེས་མཐོའི་ལྷན་ཚོགས་དང་། ཀྱེ་ལི་ཕོར་ནི་ཡའི་ཨིར་ཝིན་གཙུག་ལག་སློབ་གཉེར་ཁང་། དེ་བཞིན་ཞི་བདེའི་རྟེན་གནས་ཁང་བཅས་གསུམ་གྱིས་རྒྱལ་སྤྱིའི་སྙི་རྗེའི་ཆེས་མཐོའི་ལྷན་འཛོམས་ཆེན་མོ་ཞིག་གོ་སྒྲིག་གནང་སྟེ། ༧གོང་ས་མཆོག་གིས་ད་ཕན་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་དངོས་ཤུགས་རྒྱུད་གསུམ་གྱི་ཐོག་ནས་བྱམས་བརྩེ་ཁྱབ་སྤེལ་མཛད་ཡོད་པ་ཁག་གི་ཐོག་བགྲོ་གླེང་གནང་བའི་ལམ་ནས་སྲུང་བརྩི་ཞུ་འཆར་ཡོད་འདུག

XS
SM
MD
LG