ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨི་སི་རལ་གྱིས་ཨི་རན་དང་ཨ་རིའི་གྲོས་མོལ་སྐོར་ལ་སོ་མྱུལ་བྱས་མེད་ཅེས་གསུང་པ།


དབྱིན་ཇིའི་དཔལ་འབྱོར་ཚགས་ཤོག་གིས་ཨི་རན་གྱི་རྡུལ་ཕྲན་ལས་གཞིའི་གནད་དོན་གྱི་ཐད་ཨ་མི་རི་ཀ་དང་ཨ་རན་གྱི་གྲོས་མོལ་བྱེད་རིམ་ལ་ཨི་སི་རལ་གྱིས་སོ་མྱུལ་བྱས་ཡོད་ལུགས་སྐྱོན་འཛུགས་བྱས་པར་ཨི་སི་རལ་གྱིས་་ངོས་ལེན་གཏན་ནས་མེད་ཅེས་བརྗོད་ཡོད་པ་རེད་ དེའི་གོང་དུ་དབྱིན་ཇིའི་དཔལ་འབྱོར་གྱི་དུས་དེབ་གསར་ཤོག་གིས་ཟླ་ཉིང་ནས་ཨི་རན་དང་རྡུལ་ཕྲན་ལས་གཞིའི་ཐད་ལ་གྲོས་མོལ་བྱེད་པའི་ཨ་རི་དང་མནའ་མཐུན་རྒྱལ་ཁབ་ཁག་གི་གནས་ཚུལ་ལ་ཨི་སི་རལ་གྱིས་གསང་མྱུལ་བྱེད་པ་དང་ཤེས་རྟོགས་བྱུང་བའི་གནས་ཚུལ་ཁག་བརྒྱུད་དེ་གྲོས་མཐུན་འཇོག་རྒྱུ་བཀག་འགོག་ཐུབ་ཐབས་ཀྱི་འཆར་འགོད་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་ཡོད་པ་རེད།

XS
SM
MD
LG