ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་མི་རི་ཀའི་སྲིད་འཛིན་གྱི་སྐུ་ཟླ་ཉི་ཧོང་ལ་ཕེབས་འབྱོར་གནང་ཡོད་པ།


འཛམ་གླིང་གི་ནང་བུ་མོའི་ཤེས་ཡོན་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ་ཨ་མི་རི་ཀའི་སྲིད་འཛིན་གྱི་སྐུ་ཟླ་ལྕམ་མི་ཤལ་ཨོ་བྷ་མ་ཨེ་ཤི་ཡའི་ཡུལ་གྲུ་ཁག་གཉིས་ཀྱི་ནང་ཆེད་ཕེབས་གནང་གི་ཡོད་པ་ལྟར་ རེས་གཟའ་ལྷག་པའི་ཉིན་ལྕམ་མི་ཤལ་ཨོ་བྷ་མ་ཉི་ཧོང་གི་རྒྱལ་ས་ཊོག་ཀྱོའི་ནང་ཕེབས་འབྱོར་གནང་ཡོད་པ་རེད་ དེ་ཡང་རེས་གཟའ་པ་སང་གི་ཉིན་ཀམ་བྷོ་ཊི་ཡའི་ཡུལ་དུ་ཆེད་ཕེབས་མ་གནང་གོང་དུ་ཁོང་གིས་ཉི་ཧོང་གི་སྲིད་འཛིན་ཤིན་ཛོ་ཨ་བྷེ་ཡི་སྐུ་ཟླ་ཨ་ཀི་ཨ་བྷེ་དང་མཇལ་འཕྲད་གནང་གི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG