ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་མགོ་ལོག་འཇིགས་མེད་ལགས་ཀྱིས་འབོད་སྐུལ་ཞུས་པ།


འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༨ སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཚོག་བཞིན་ཡོད་པ་དང་ལྷན་ཚོགས་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༢༧ བར་ཚོགས་རྒྱུ་ཡིན་པ་དེའི་ཐོག་ལ་བོད་ནས་གསར་དུ་ཕེབས་པའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཕེབས་རྒྱུ་བྱུང་ཡོད་པས་འདི་གའི་ལས་བྱེད་པ་སངས་དབྱངས་སྐྱིད་ལགས་ཀྱིས་ཁོང་ལ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG