ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སོག་རྫོང་དུ་དགེ་འདུན་པ་བདུན་འཛིན་བཟུང་བྱས་འདུག


སྤྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་མཚན་མོ་སོག་ཙན་དན་དགོན་པའི་དགེ་འདུན་པ་བདུན་རྫོང་ཉེན་རྟོག་པས་གསང་བའི་ཐོག་ནས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། གནས་ཚུལ་མཁོ་འདོན་པས་ངོ་སྤྲོད་བྱེད་པ་ལྟར་ན། སྤྱི་ཟླ་གསུམ་པའི་ཟླ་མགོ་ནས་ སོག་ཙན་དན་དགོན་པར་གསང་བའི་པར་ཆས་ལྔ་བཅུ་ཙམ་བཙུགས་ཏེ་དགོན་པའི་དགེ་འདུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོགས་ནན་མོ་བྱེད་བཞིན་ཡོད་པ་དང་ས་ཁུལ་འདིའི་བརྡ་འཕྲིན་ལ་དམ་དྲག་བྱེད་བཞིན་པ་རེད། དེའི་རྐྱེན་གྱིས་གཟའ་འཁོར་གཅིག་ཙམ་གྱི་སྔོན་ལ་བཙན་ཁྲིད་བྱས་ཟིན་པའི་དགེ་མདུན་པ་ཚོའི་གནས་ཚུལ་ཡང་དུས་ཐོག་ཏུ་མཁོ་འདོན་བྱེད་ཐུབ་མེད་པ་རེད། ད་ལྟའི་ཆར་དགེ་འདུན་པ་ཚོ་འཛིན་བཟུང་བྱེད་དོན་ནི་བརྡ་འཕྲིན་བརྒྱུད་ལམ་ཁག་ཏུ་བོད་དོན་དང་འབྲེལ་བའི་པར་རིས་དང་གསར་འགྱུར་འགྲེམས་སྤེལ་བྱེད་པས་རེད་ཅེས་ཡུལ་མི་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་དགེ་འདུན་པ་བདུན་གྱི་གནས་སྟངས་གསལ་བོ་ཞིག་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG