ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་དཀར་ནག་གཉིས་ཀྱི་རྒྱ་གར་རྒྱ་མཚོའི་ནང་གི་ཤུགས་རྐྱེན།


རྒྱ་གར་རྒྱ་མཚོའི་ནང་དུ་ཆགས་པའི་མཚོ་གླིང་རྒྱལ་ཁབ་དེ་དག་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་དང་དམག་དོན་འཐབ་ཇུས་ལ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་ཞིང་། ན་ནིང་ཕྱི་ཟླ་༩་ནང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་མལ་དིབ་སོགས་རྒྱ་གར་རྒྱ་མཚོའི་ནང་གི་མཚོ་གླིང་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་ཏེ། རྒྱ་ནག་དང་རྒྱ་གར་རྒྱ་མཚོའི་ནང་གི་རྒྱལ་ཁབ་ཁག་གི་འབྲེལ་བ་ཡར་རྒྱས་བཏང་ནས་བཟུང་། རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོར་རང་གི་ཤུགས་རྐྱེན་ཐེབས་ཡུལ་ཁག་ལ་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་གདལ་འགྲོ་གི་ཡོད་པའི་བློ་འཚབ་བྱུང་བ་དང་། ཟླ་བ་འདིར་རྒྱ་གར་གྱི་སྲིད་བློན་ན་རན་དྷ་ར་མོ་དྷི་རྒྱ་གར་རྒྱ་མཚོའི་ནང་གི་མཚོ་གླིང་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཡོད་ཀྱང་། མལ་དིབ་མཚོ་གླིང་རྒྱལ་ཁབ་ལ་ཆབ་སྲིད་ཀྱི་ཟིང་འཁྲུག་ལངས་ཡོད་པས། སྲིད་བློན་མོ་དྷི་མལ་དིབ་མཚོ་གླིང་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འགྱངས་བྱས་པ་དང་། སྲིད་བློན་མ་དྷི་སིང་ག་ལ་དང་སེ་ཆིལ་སི་དང་། མོ་རི་ཊི་སི་བཅས་ལ་འཚམས་འདྲིར་ཕེབས་ནས་རྒྱ་གར་ལ་སྲོལ་རྒྱུན་གྱི་འབྲེལ་བ་དམ་ཟབ་ཡོད་པའི་རྒྱལ་ཁབ་དེ་ཚོར་འབྲེལ་བ་ཡར་རྒྱས་བཏང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG