ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་།


༢༠༡༥་ལོའི་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་དེར་ལྷོ་ཀོ་རི་ཡའི་དམག་ཁྲི་ཚོ་༡་ཡས་མས་ཤིག་དང་ཨ་མི་རི་ཀའི་དམག་༨༠༠༠་ཙམ་མཉམ་ཞུགས་བྱས་ཏེ། ཁོ་ཚོས་དུས་གཅིག་ཏུ་སྐམ་མཚོ་གནམ་གསུམ་ནས་ཕར་རྒོལ་དང་རང་སྲུང་གི་དམག་སྦྱོང་བྱེད་ཀྱི་ཡོད་ཅིང་། ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་དམག་གིས་བྱང་ཀོ་རི་ཡས་ཚུར་རྒོལ་བྱུང་ན་རྒོལ་ལན་ཇི་ལྟར་སློག་དགོས་མིན་ཐད་ཀམ་པུ་ཀྲའི་ནང་དུ་དམག་ས་སྒྲིག་བཀོད་བྱས་ནས་སྦྱོང་བརྡར་ཡང་བྱས་པ་དང་། ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་དུས་དང་རྣམ་པ་ཀུན་ཏུ་འཐབ་འཁྲུག་ལ་གྲ་སྒྲིག་ཡོད་པར་དམག་སྦྱོང་འདི་གནད་འགག་ཆེན་པོ་ཡིན་ཞེས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་འགོ་ཁྲིད་ཚོས་འགྲེལ་བཤད་བརྒྱབ་ཀྱང་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་ལོ་རེའི་དམག་སྦྱོང་དེས་བྱང་ཀོ་རི་ཡར་འཁྲུག་རྩོད་སློང་གི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG