ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་མཚོན་ཆ་ཕྱིར་ཚོང་རྒྱལ་ཁབ་ཨང་གསུམ་པར་གྱུར།


ལོ་ཤས་གོང་དུ་ཡུ་རོབ་རྒྱལ་ཁབ་འཇར་མན་ཎི་དང་ཧྥ་རན་སི་གཉིས་འཛམ་གླིང་གི་མཚོན་ཆ་ཕྱིར་ཚོང་བྱེད་མཁན་རྒྱལ་ཁབ་ཨང་གསུམ་པ་ཡིན་རུང་། ད་ལྟ་རྒྱ་ནག་འཛམ་གླིང་གི་མཚོན་ཆ་ཕྱིར་ཚོང་བྱེད་མཁན་རྒྱལ་ཁབ་ཨང་གསུམ་པར་གྱུར་ཡོད་ཅིང་། ༢༠༡༠་ནས་༢༠༡༤་བར་དུ་ལོ་ལྔའི་རིང་ལ་རྒྱ་ནག་གི་མཚོན་ཆ་ཕྱིར་ཚོང་བྱ་རྒྱུ་བརྒྱ་ཆ་༡༦་འཕར་སྣོན་སོང་འདུག ལོ་ལྔའི་དུས་ཡུན་རིང་དེར་ཨ་མི་རི་ཀས་མཚོན་ཆ་ཕྱིར་བྱ་རྒྱུ་བརྒྱ་ཆ་༣༡་དང་ཨུ་རུ་སུས་མཚོན་ཆ་ཕྱིར་ཚོང་བྱ་རྒྱུ་བརྒྱ་ཆ་༢༧་འཕར་ཡོད་པས། ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་སྔར་བཞིན་འཛམ་གླིང་གི་མཚོན་ཆ་ཕྱིར་ཚོང་བྱེད་མཁན་རྒྱལ་ཁབ་ཨང་དང་པོ་དང་གཉིས་པ་གཉིས་ཡིན་པ་དེར་འགྱུར་བ་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG