ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕེ་རི་སི་ལ་ཡུ་རོབ་བོད་དོན་ལས་འགུལ་སྤེལ་པ།


ཟླ་བ་འདིའི་ཕྱི་ཚེས་༡༤་སྟེ། རེས་གཟའ་སྤེན་པའི་ཉིན་ཕ་རན་སིའི་རྒྱལ་ས་ཕེ་རི་སི་ལ་བོད་པ་དང་བོད་དོན་རྒྱབ་སྐྱོར་པ་སྟོང་ཕྲག་འགའ་ཞིག་འདུ་འཛོམས་བྱས་ཏེ། ཡུ་རོབ་བོད་ཀྱི་མཉམ་དུ་ཡོད་ཅེས་པའི་མིང་བྱང་འོག་ཏུ་ཡུ་ཡོབ་བོད་དོན་ལས་འགུལ་ཆེན་མོ་ཐེངས་གཉིས་པ་དེ་སྤེལ་ཡོད་ཅིང་། ཞི་བའི་ལས་འགུལ་ཆེན་མོ་དེ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་རིགས་མཐུན་ཚོགས་ཁག་དང་ཡུ་རོབ་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཐུན་མོང་གིས་སྤེལ་ཡོད་པ་མ་ཟད། ད་ཐེངས་ཀྱི་གོམ་བགྲོད་ལས་འགུལ་དེའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཧྥ་རན་སིའི་ཁྲིམས་དོན་བློན་ཆེན་ཟུར་པ་སྐུ་ཞབས་རོ་ཝོབ་བྷིག་བྷ་ཏིན་དེག་དང་། གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ཡུ་རོབ་རྒྱལ་ཁབ་༢༠་མ་ཟིན་ཙམ་གྱི་བོད་པ་དང་བོད་དོན་རྒྱབ་སྐྱོར་པ་ཁྱོན་བསྡོམས་མི་༨༠༠༠་ལྷག་འདུ་འཛོམས་བྱས་འདུག ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་འབོད་ཚིག་གི་འོག་ཏུ་བོད་མི་དམངས་ཀྱི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༦་པའང་སྲུང་བརྩི་གཟབ་རྒྱས་ཞུས་ཏེ། སྲིད་སྐྱོང་བཟང་སེང་གེ་མཆོག་གིས་བོད་ནང་གི་ད་ལྟའི་གནས་བབ་དང་རྒྱ་ནག་གཞུང་གིས་བོད་ལ་ལག་བསྟར་བྱེད་བཞིན་པའི་དམ་དྲག་ཆེ་བའི་སྲིད་བྱུས། ༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས། དེ་བཞིན་བོད་ཀྱི་ཁོར་ཡུག་གི་གནད་དོན་བཅས་ཀྱི་ཐད་དུ་གཏམ་བཤད་གནང་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG