ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་སུ་ཞུ་གཏུགས།


ཉེ་སྔོན་ཕྱི་ཟླ་གསུམ་པའི་ཚེས་ ༡༡ གི་ཉིན། འཛམ་གླིང་མཉམ་འབྲེལ་ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ལྷན་ཁང་གི་ཆོས་དད་རང་མོས་ ཐད་ཀྱི་དམིགས་བསལ་སྐུ་ཚབ་པ་དང་ཕན་ཚུན་བགྲོ་གླེང་གནང་རེས་ཀྱི་སྐབས་སུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་མེ་ཊི་ཡོ་མེཀ་ཀ་ཆི་ཡིས། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཐེབས་རྩ་ཁང་གི་སྐུ་ཚབ་ཀྱི་ཚུལ་ དུ་གཏམ་བཤད་གནང་པའི་སྐབས། ཁོང་གིས། རྒྱནག་གཞུང་གིས། བོད་ཀྱི་དགོན་ སྡེ་ཁག་གི་གྲྭ་བཙུན་རྣམས་ལ། ཁྲིམས་དོན་གྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ སྟེ།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བདག་ཉར་བྱེད་མི་ཆོག་ པའི་བཙན་བཀག་བཏང་པ་དང་འབྲེལ། རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་ གསོའི་ལས་འགུལ་བོད་རྒྱ་ཁྱབ་ཏུ་སྤེལ་ཤུགས་ཆེ་རུ་བཏང་ཡོད་ལུགས་འགྲེལ་ བརྗོད་གནང་ཡོ་པ་དང་། གཞན་ཡང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་སུ་ཞུ་གཏུགས་ བྱེད་མཁན་འགོ་ཁྲིད་ལྷན་བཅར་གྱི་ཐོག་ནས། རྒྱལ་སྤྱིའི་བོད་ དོན་ལས་འགུལ་ཁང་གི་འགོ་ཁྲིད་མེ་ཊི་ཡོ་མེཀ་ཀ་ཆི་ཡིས། གྲོང་ཁྱེར་ ཛྷི་ནི་ཝའི་ནང་། ཕྱི་འབྲེལ་མི་སྣའི་སྡེ་ཚོགས་ཀྱི་ཁོངས་སུ། བོད་དོན་ རྒྱབ་སྐྱོར་ཡོང་བའི་བསྐུལ་མ་གནང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG