ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཁ་ཆེ་དྲག་སྤྱོད་པ་ཚོས་ཤར་ཏུར་ཀིསྟཱན་ནང་མཐར་ལྷུངས་ཀྱི་ལྟ་སྤྱོད་སྤེལ་གྱི་ཡོད་པ།


དེང་སང་པེ་ཅིང་དུ་འཚོག་བཞིན་པའི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱི་ནང་མཉམ་ཞུགས་བྱེད་མཁན་ཤར་ཏུར་ཀིསྟཱན་གྱི་འཐུས་མི་ཚོས་ཕྱི་རྒྱལ་གྱི་ཁ་ཆེ་དྲག་སྤྱོད་པ་ཚོས་གནས་འཕྲིན་དྲ་རྒྱའི་བརྒྱུད་ནས་ཤར་ཏུར་ཀིསྟཱན་གྱི་ཡུ་གྷུར་མི་རིགས་ཚོའི་ཁྲོད་དུ་མཐར་ལྷུངས་ཁ་ཆེ་དྲག་སྤྱོད་པའི་ལྟ་སྤྱོད་སྤེལ་གྱི་ཡོད་པ་བཤད་འདུག དེ་ཡང་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱི་ནང་མཉམ་ཞུགས་བྱེད་མཁན་ཤར་ཏུར་ཀིསྟཱན་གྱི་ཧོ་ཏན་རང་སྐྱོང་མངའ་ཁུལ་གྱི་སྤྱི་འཐུས་མུ་སཱར་གྱིས་ཕྱི་རྒྱལ་གྱི་ཁ་ཆེ་དྲག་སྤྱོད་པ་ཚོས་ཤིན་ལྕང་གི་རང་སྐྱོང་ས་གནས་ཧོ་ཏཱན་གྱི་མི་མང་ཚོའི་ཐོག་ཤུགས་རྐྱེན་ཆེན་པོ་གཏོང་གི་ཡོད་པ་དང་ མཐར་ལྷུངས་ཁ་ཆེ་དྲག་སྤྱོད་པ་དེ་ཚོའི་ཤུགས་རྐྱེན་དེ་མི་འབོར་ས་ཡ་༡༡ཙམ་ཡོད་པའི་ཤར་ཏུར་ཀིསྟཱན་གྱི་ས་གནས་གཞན་གྱི་་ཡུ་གྷུར་ཁ་ཆེ་ཚོ་ལ་ཡང་ཐེབས་ཀྱི་ཡོད་འདུག འཐུས་མི་མུ་སཱར་གྱིས་རྒྱ་ནག་གི་ཉིན་རེའི་གསར་ཤོག་ལ་བཤད་གསལ་ལ། ཁ་ཆེ་དྲག་སྤྱོད་པ་ཚོས་གནས་འཕྲིན་དྲ་རྒྱའི་བརྒྱུད་ནས་མཐར་ལྷུངས་ཀྱི་ལྟ་སྤྱོད་དང་། ཞེ་འཁོན་སྡང་འཛིན། འཇིགས་བསྐུལ་གྱི་ལས་འགུལ་བྱེད་སྟངས་སྤེལ་གྱི་ཡོད་འདུག

XS
SM
MD
LG