ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱལ་སྲས་ཝི་ལིམ་གྱིས་རི་སྐྱེས་སྲོག་ཆགས་ནག་ཚོང་ལ་སྐྱོན་བརྗོད།


དབྱིན་ཇིའི་ཁྲི་འཛིན་རྒྱལ་སྲས་ཝི་ལིམ་གྱིས་རྒྱ་ནག་སོགས་ལ་ཁྲིམས་འགལ་ཐོག་ཏུ་རི་སྐྱེས་སྲོག་ཆགས་ཀྱི་རུས་པ་དང་ཀོ་ལྤགས་སོགས་ནག་ཚོང་རྒྱག་གི་ཡོད་པ་ཉེས་ཅན་གྱི་བྱ་སྤྱོད་ཅིག་ཡིན་ཞིང་། རྒྱ་ནག་གིས་འཛམ་གླིང་འདིར་སྣེ་ཁྲིད་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ནུས་པ་འདོན་ཐུབ་ཅེས་གསུངས་ཡོད་པ་མ་ཟད། ཁོང་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་ཉིན་མཐའ་མ་དེར་ཧུ་ནན་ཞིང་ཆེན་གྱི་གླང་ཆེན་སྲུང་ཉར་བྱ་ཡུལ་ཞིག་ཏུ་གཟིགས་ཞིག་ལ་ཕེབས་ཏེ། གླང་ཆེན་དང་རི་དྭགས་བསེ་རུ་ལྟ་བུའི་རི་སྐྱེས་སྲོག་ཆགས་རྣམས་ང་ཚོའི་མི་ཚེ་འདིར་རྩ་སྟོང་དུ་འགྲོ་སྲིད་པར་བརྟེན། འགྲོ་བ་མི་ ཡོངས་རྫོགས་ལ་གྱོང་གུད་ཆེན་པོ་ཡིན་ཞེས་ནན་བརྗོད་འདུག དབྱིན་ཇིའི་རྒྱལ་སྲས་ཝི་ལིམ་གྱིས་མུ་མཐུད་དུ་གསུངས་པ་ལྟར་ན་ཁྲིམས་འགལ་ཐོག་ཏུ་རི་སྐྱེས་སྲོག་ཆགས་ཀྱི་རུས་པ་དང་ཀོ་ལྤགས་སོགས་ནག་ཚོང་རྒྱག་གི་ཡོད་པ་མཁའ་རླུང་འབག་བཙོག་གི་དབང་གིས་འཛམ་གླིང་གི་ས་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་དེ་དང་སྤྱི་མཚུངས་སུ་འགྲོ་བ་མི་རྣམས་ཀྱིས་ངོས་འཛིན་བྱ་དགོས་པ་ཞིག་ཡིན། རི་སྐྱེས་སྲོག་ཆགས་ནག་ཚོང་རྒྱག་རྒྱུ་ནི་ཁྲིམས་སྐྱོང་ལམ་ལུགས་ཉམས་རྒུད་གཏོང་བ་དང་འཁྲུག་རྩོད་སློང་བ། ཐ་ན་འཇིགས་སྐུལ་རིང་ལུགས་པའི་དཔལ་འབྱོར་རྒྱབ་སྐྱོར་ལའང་འགྲོ་སྲིད་པའི་འཛམ་གླིང་ཐུན་མོང་གི་དགྲ་བོ་ཞིག་ཡིན་ཞེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG