ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་དམག་དཔོན་༡༤་ལ་ཞིབ་འཇུག


རྒྱ་ནག་གཞུང་གིས་ཞིབ་འཇུག་བྱེད་ཀྱི་ཡོད་པའི་མཐོ་རིམ་དམག་དཔོན་ཞིག་གོ་ཀྲེང་གཱང་ཡིན་པ་དང་། གོ་ཀྲེང་གཱང་ནི་རྒྱ་ནག་གི་དབུས་དམག་དོན་གཙོ་འཛིན་གཞོན་པ་ཟུར་པ་གོ་པོ་ཤུང་གི་བུ་ཡིན་ཞིང་། གོ་པོ་ཤུང་༢༠༡༣་ལོར་རང་གི་ལས་གནས་ནས་བགྲེས་ཡོལ་དུ་སོང་། ད་ལྟ་རྒྱ་ནག་གཞུང་གིས་གོ་ཀྲེང་གཱང་ཚུད་པའི་དམག་དཔོན་༡༤་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། གོ་ཀྲེང་གཱང་གིས་དེང་སྐབས་རྒྱ་ནག་ཤར་ཕྱོགས་ཀྱི་ཀྲེ་ཅང་ཞིང་ཆེན་དུ་ཡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་ཆབ་སྲིད་སློབ་སྟོན་པ་གཞོན་པའི་ལས་འགན་ཁུར་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG