ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧོང་ཀོང་གི་སློབ་ཕྲུག་གི་མཐུན་ཚོགས་ཀྱིས་ཞི་རྒོལ་གྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ


ཧོང་ཀོང་གི་གཙུག་ལག་སློབ་གྲྭ་ཆེ་མོའི་འགན་འཛིན་གཞོན་པ་འདེམས་བསྐོ་བྱེད་ཕྱོགས་ལ། ས་གནས་སྲིད་གཞུང་གིས་ཐེ་བྱུས་བྱས་ཏེ་འགན་འཛིན་རྣམས་ལ་གནོན་ཤུགས་སྤྲད་ཡོད་དང་མེད། སློབ་གྲྭའི་འཛིན་སྐྱོང་ལྷན་ཁང་གིས་གསལ་བཤད་བྱེད་དགོས་པ་ཡིན་ཞེས་དགོས་འདུན་བཏོན་ཏེ། གཙུག་ལག་སློབ་གྲྭ་ཆེ་མོ་དེའི་སློབ་ཕྲུག་གི་མཐུན་ཚོགས་ཀྱིས་ཞི་རྒོལ་གྱི་ལས་འགུལ་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད། དེ་ཡང་། ཕྱི་ཟླ་གཉིས་པའི་ཚེས་༢༤ ད་རིང་གཟའ་མིག་དམར་ཉིན། ཧོང་ཀོང་གཙུག་ལག་སློབ་གྲྭ་ཆེ་མོའི་འཛིན་སྐྱོང་ལྷན་ཁང་གི་ཚོགས་མི་རྣམས་ཚོགས་འདུ་ཚོགས་ཏེ། སློབ་གྲྭའི་འགན་འཛིན་གཞོན་པ་གསར་པ་འདེམས་བསྐོ་བྱ་རྒྱུའི་གནད་དོན་གྱིས་མཚོན་པའི་གནད་དོན་མང་པོ་ཞིག་གི་ཐད་གྲོས་བསྡུར་བྱ་རྒྱུའི་འཆར་གཞི་ཡོད་པས། དེ་སྐབས་སློབ་ཕྲུག་གི་མཐུན་ཚོགས་ཀྱིས་སློབ་གྲྭའི་ཁྱབ་ཁོངས་ས་ཆ་ཞིག་ཏུ། ས་ལ་ཙོག་པུར་སྡོད་པའི་ཞི་རྒོལ་གྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་འདུག

XS
SM
MD
LG