ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༸གོང་ས་མཆོག་ནི་འཛམ་གླིང་ནང་ཆོས་ཕྱོགས་ཀྱི་ཤུགས་རྐྱེན་ཆེ་ཤོས་དེ་རེད།


དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཝཌ་ཀིན་ལུས་སེམས་སྲོག་ཟེར་བའི་དུས་དེབ་ཀྱིས་འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རླབས་ཆེན་དབུ་ཁྲིད་བརྒྱ་ཐམ་པའི་ མཚན་གཞུང་ནས་སླར་ཡང་ཨང་དང་པོར་འོས་འདེམས་ཞུས་འདུག

ལུས་སེམས་སྲོག་ཅེས་པའི་དུས་དེབ་ཀྱི་དྲ་རྒྱའི་སྟེང་ཕྱི་ལོ་༢༠༡༥ ལོའི་འཛམ་གླིང་ནང་ཆོས་ཕྱོགས་ཀྱི་སེམས་འགུལ་རླབས་ཆེ་ཤོས་གཏོང་གནང་མཛད་མཁན་ནམ་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་གྲགས་ཅན་བརྒྱ་ཐམ་པའི་མཚན་གཞུང་གསལ་བསྒྲགས་གནང་བའི་ཁྲོད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨང་དང་པོར་འདེམས་ཐོན་བྱུང་ཡོད་ཅེས་སྐོར་བསྒྲགས་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་གི་སྐུ་ཚེའི་མཛད་རྣམ་ཞིབ་ཕྲ་ཞིག་ཀྱང་གསར་འགྱུར་དེ་དང་མཉམ་དུ་བཀོད་ཡོད་འདུག

དུས་དེབ་དེའི་ནང་འཛམ་གླིང་ནང་གི་ཆབ་སྲིད་དང་ཆོས་ཕྱོགས། རྩོམ་པ་པོ། གློག་བརྙན་བཟོ་སྐྲུན་པ། དེ་བཞིན་སྒྱུ་རྩལ་བ་སོགས་ཀྱི་ཁྲོད་གྲགས་ཅན་མི་སྣ་༦༠༠ འདེམས་སྒྲུག་གནང་བའི་ཁྲོད་ནས་རླབས་ཆེན་མི་སྣ་བརྒྱ་ཐམ་པའི་མཚན་གཞུང་ལོ་ལྟར་ཕྱི་ཟླ་གཉིས་པའི་ནང་འདོན་སྤེལ་གནང་སྲོལ་ཡོད་པ་རེད།

ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་འདེམ་སྒྲུག་གི་ལས་འགུལ་འདི་ནི་ཕྱི་ལོ་ ༢༠༡༡ ལོར་ཐོག་མར་དབུ་འཛུགས་གནང་བ་ཞིག་ཡིན། ན་ནིང་ཡང་དུས་དེབ་འདི་ཡིས་༧གོང་ས་མཆོག་ཨང་དང་པོ་ཡིན་པ་བསྒྲགས་པ་དང་། ད་ལོའི་ཐོ་གཞུང་ནང་ཡེ་ཤུའི་བླ་ཆེན་ཕོབ་ནི་ཨང་གཉིས་པ་ཆགས་ཡོད།།

XS
SM
MD
LG