ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བ་སོ་ཉོ་ཚོང་བཀག་འགོག་བྱེད་དགོས་པ་ཡིན་ཞེས་རྒྱ་ནག་གི་སྲིད་འཛིན་ལ་ཞུ་ཡིག་ཕུལ་ཡོད་པ།


དབྱིན་ཇིའི་རྒྱལ་སྲས་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཉེར་ཡོད་པའི་སྐབས་འདིར་ ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་དང་ གསར་འགོད་པ་ལ་སོགས་པ་ སྙན་གྲགས་ཆེ་བའི་མི་སྣ་མང་པོས་རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་ལ་ཡོངས་གྲགས་ཞུ་ཡིག་ཞིག་ཕུལ་ཏེ་ འཛམ་གླིང་གི་ས་ཕྱོགས་གང་ས་དང་ ལྷག་པར་དུ་གླིང་ཆེན་ཨ་ཕྷི་རི་ཀའི་ནང་ཡོད་པའི་གླང་པོ་ཆེ་རྣམས་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་ རྒྱ་ནག་གི་ནང་ གླང་ཆེན་གྱི་མཆེ་བ་ བ་སོ་ཉོ་ཚོང་མི་ཆོག་པའི་དམ་དྲག་བྱེད་དགོས་པ་ཡིན་ཞེས་ རེ་བ་བཏོན་ཡོད་པ་རེད་ རྒྱ་ནག་ནི་ འཛམ་གླིང་ནང་ནས་ བ་སོ་ལས་བཟོས་པའི་བཅའ་དངོས་ཉོ་ཚོང་བྱ་ཡུལ་ལྟེ་བ་ཞིག་ཡིན་ཞིང་ རྒྱ་ནག་གི་མི་རྣམས་ཀྱིས བ་སོ་ལ་དགའ་མོས་ཧ་ཅང་ཆེན་པོ་བྱས་ཏེ་ བ་སོ་ལ་བརྐོས་བརྒྱབས་ཏེ་བཟོས་པའི་བཅའ་དངོས་ཀྱི་རིགས་ནི་ རིན་ཐང་ཧ་ཅང་ཆེན་པོར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ དེ་ལྟར་རྒྱ་ནག་གི་ནང་ བ་སོ་རིན་ཐང་ཧ་ཅང་ཆེན་པོར་བརྩི་བའི་རྒྱུན་སྲོལ་ཡོད་པའི་ཐོག་ དེང་སང་ཡུལ་མི་མང་པོའི་འཚོ་བའི་གནས་སྟངས་ཡག་པོ་ཆགས་ཏེ་རྒྱས་སྤྲོས་ཆེན་པོ་བྱེད་ཀྱི་ཡོད་པ་བཅས་ཀྱིས་རྐྱེན་པས་ བ་སོ་ཉོ་ཚོང་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་སྟབས་ ཨ་ཕྷི་རི་ཀའི་རྒྱལ་ཁབ་མང་པོའི་ནང་ གླང་ཆེན་གྱི་མཆེ་བའི་དོན་དུ་ རྒྱལ་ཁབ་ཀྱི་མཛེས་རྒྱན་ཡིན་པའི་དུད་འགྲོ་ལྗིད་ཉམས་ཅན་དེ་ ཁྱུ་ཚོགས་མང་པོ་བསད་དེ་ སྟོང་རྒྱུའི་ཉེན་ཁའི་གནས་སུ་གྱར་ཡོད་པ་རེད།

XS
SM
MD
LG