ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གཞུང་སྲོལ་ལོ་གསར་དགྱེས་སྟོན།


གཞུང་སྲོལ་ལོ་གསར་དགྱེས་སྟོན།
please wait

No media source currently available

0:00 0:41:12 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་ལོའི་གནམ་ལོའི་རང་ཞལ་གསར་དུ་ཚེས་པའི་དགའ་སྟོན་ལ་ ཝི་ཨོ་ཨེ་ཨ་རི་རླུང་འཕྲིན་ཁང་གིས་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་ནང་ཡུལ་ལུང་སོ་སོར་ལོ་གསར་གྱི་དགྱེས་སྟོན་གནང་སྲོལ་མི་འདྲ་བ་ཡོད་པ་མ་ཟད། དུས་ཚེས་ཀྱང་མི་འདྲ་ཁ་ཤས་འདུག འོན་ཀྱང་སང་ཉིན་བོད་ཟླ་དང་པོ་ཧོར་ཟླའི་ཚེས་གཅིག་ནི་གཞུང་སྲོལ་དགུང་གསར་གྱི་རྟེན་འབྲེལ་ཞུ་སྲོལ་ཡོད་པའི་ཉི་མ་ཡིན་པར་བརྟེན་ ད་རིང་གི་ལས་རིམ་ནང་ལོ་གསར་ཚེས་གཅིག་སྔ་དྲོ་དཔལ་ལྡན་ལྷ་མོར་གཏོར་འབུལ་གྱི་མཛད་སྒོ་དང་། དེ་རྗེས་གཞུང་སྲོལ་ལོ་གསར་མཛད་སྒོའི་ནང་གར་ཕྲུག་དང་དཀར་སྤྲོའི་ཚོགས་ལངས་དམ་བཅའ་གནང་སོགས་ཀྱི་དགོས་པ། དེ་བཞིན་འབྲས་དཀར་གྱི་བཤད་པ་སོགས་ཀྱི་སྐོར་ལ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་པོ་བྱ་དོ་རིན་པོ་ཆེ་དང་བོད་ཀྱི་ཟློས་གེར་ཚོགས་པའི་སྒྱུ་རྩལ་འཁྲབ་སྟོན་འགན་འཛིན་བློ་བཟང་བསམ་གཏན་ལགས་སུ་བཅར་འདྲི་ཞུས་པ་དང་མཛད་སྒོའི་བརྙན་དཔར་བཅས་ཆེད་བསྒྲིགས་ལས་རིམ་ཞིག་སྤྱན་བསྟར་ཞུ་རྒྱུ་ཡིན།

XS
SM
MD
LG