ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཉི༌ཧོང་རྩོམ་པ་པོས་མི༌རིགས་དབྱེ་འབྱེད་ཀྱི་བསམ་འཆར་ལ་ལྷོ་ཨཕེ་རི་ཁས་ཁོང་ཁྲོའི་ངང་ནས་ལན་བརྒྱབས།


ཉེ་ཧོང་གི་ལོ་ན་ ༨༣ ལ་བསླེབས་པའི་རྩོམ་པ་པོ་གྲགས་ཅན་ཨ་ཡ་ཀོ་ སོ་ནོ་ཞེས་པ་ཉེ་ཧོང་གྱི་སྲིད་བློན་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་ལ་ཤེས་ཡོན་ཐད་སློབ་སྟོན་གནང་མཁན་དེས་སན་ཀི་གསར་ཤོག་ནང་དཔྱད་རྩོམ་ཞིག་སྤེལ་ཡོད་པ་དེའི་ནང་ཉི་ཧོང་གིས་ཕྱི་རྒྱལ་ནས་མི་རིགས་ལས་ཀ་བྱེད་པར་ཡོང་བཅུག་དགོས་ཀྱང་ཕྱི་རྒྱལ་མི་རིགས་དེ་དག་སྡོད་གནས་ཉི་ཧོང་མི་རིགས་དང་མཉམ་བསྲེས་མ་བྱས་པར་ཁ་ཁག་སྡོད་བཅུག་དགོས་ཅེས་བཤད་ཡོད། དེར་ཉི་ཧོང་དུ་ཡོད་པའི་ལྷོ་ཨཕེ་རི་ཁའི་གཞུང་ཚབ་པས་བསམ་ཚུལ་དེ་ནི་ངོ་ཚ་ཁྲེལ་གཞུང་མེད་པའི་ཧ་ཅང་གི་ཐལ་དྲགས་པ་ཞིག་དང་། མི་རིགས་དབྱེ་འབྱེད་པར་བསྟོད་མངགས་བྱས་པ་ཞིག་རེད་ཅེས་རྐྱེན་བརྗོད་ཀྱི་ལན་འདེབས་གནང་ཡོད་པ་སོགས་ཀྱི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཕྱོགས་བསྡུས་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་། སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG