ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཐའི་ཝན་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཀྱིས་སྲིད་འཛིན་གྱི་འོས་མིར་ལང་རྒྱུའི་གསལ་བསྒྲགས།


ཐའི་ཝན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ལྕམ་ཚད་བྱིང་ཝན་ཀྱིས་འབྱུང་འགྱུར་ཡུལ་དེའི་རྒྱལ་ཡོངས་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ཀྱི་ནང་མཉམ་ཞུགས་བྱ་རྒྱུ་ཡིན་ཞེས་རེས་གཟའ་ཉི་མའི་ཉིན་དེབ་སྐྱེལ་བྱས་ཡོད་པ་དང་ དེ་སྔ་ཕྱི་ལོ་༢༠༡༢ལོར་གོང་ཞུས་ཐའི་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ལྕམ་ཚད་བྱིང་ཝན་གྱིས་ཡུལ་དེའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནང་མཉམ་ཞུགས་བྱས་པའི་སྐབས་ ཁོང་གི་ཁ་གཏད་རྒྱ་ནག་དང་འབྲེལ་ལམ་བཟང་པོར་གནས་ཐབས་བྱེད་མཁན་སྲིད་འཛིན་མ་ཡིང་ཅིའུ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་ ཕམ་ཉེས་བྱུང་ཡོད་པ་དང་ འོན་ཀྱང་ཉེ་ཆར་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་གྲུབ་འབྲས་ལ་གཞིགས་ན་ འབྱུང་འགྱུར་ཕྱི་ལོ་༢༠༡༦ལོར་ཡུལ་དེའི་རྒྱལ་ཡོངས་སྲིད་འཛིན་གྱི་འོས་བསྡུའི་སྐབས་ གོང་མིང་ཏང་ཚོགས་པ་ལས་ དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ཚད་བྱིང་ཝན་ལ་རྒྱབ་སྐྱོར་བྱེད་མཁན་མང་བ་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད།

XS
SM
MD
LG