ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གཞུང་གིས་དམག་དོན་ལ་འགྲོ་གྲོན་ཤུཊ་ཆེ་གཏོང་གི་ཡོད་པར་མ་ལྟོས་པར་དམག་གི་ནུས་པ་ད་དུང་ལྡན་གྱི་མེད་པ།


ཨ་མེ་རི་ཀའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་ལྟ་རྟོག་བྱས་པའི་ཞིབ་ དཔྱོད་ཚོགས་པ་ཞིག་གིས་ཞིབ་འཇུག་བྱས་པའི་སྙན་ཐོའི་ནང་། རྒྱ་ནག་གིས། རང་གི་དཔུང་དམག་དེང་རབས་ཅན་དུ་འགྱུར་ཐབས་སུ་དམིགས་ཏེ་འགྲོ་གྲོན་ ཧ་ཅང་གི་ཆེན་པོ་གཏོང་གི་ཡོད་ཀྱང་། རྒྱ་ནག་གི་དཔུང་དམག དམག་འཐབ་ བྱེད་སྒོ་ཁག་གི་ནང་། རང་ལ་རྒྱལ་ཁ་ཐོབ་ཐུབ་ངེས་ཀྱི་ནུས་པ་ལྡན་པའི་གྲ་སྒྲིག་ མེད་ཅེས་བརྗོད་ཡོད་འདུག དེ་ལྟར་གྲ་སྒྲིག་མེད་པའི་རྒྱུ་མཚན་གཙོ་བོ་གཉིས་ཡོད་པ་ནི། རྒྱ་ནག་གི་བཅིང་ བཀྲོལ་དམག་མིས། མ་འོངས་འཁྲུག་རྩོད་ཁག་གི་ནང་། རང་ཉིད་ལ་རྒྱལ་ཁ་ཐོབ་ ཐུབ་པའི་ནུས་པར། ཉམས་ཆག་ཚབས་ཆེན་གཉིས་བྱུང་ཡོད་པ་ནི། ད་ལྟའི་རྒྱ་ནག་གི་ དམག་བྱུས་བཀོད་འདོམས་ཀྱི་ལམ་ལུགས་ཁག་དུས་ཚོད་ཡོལ་ཚར་ཏེ། སྐབས་བབས་ཀྱི་དུས་དང་མཐུན་གྱི་མེད་པ་མ་ཟད། ལས་བྱེད་པའི་སྤུས་ཁ་དང་། ཆེད་ལས་པའི་ཁྱད་ཆོས་ཚད་ལོང་གི་མེད་པའི་ཁར། རྒྱལ་ཡོངས་སུ་ལྐོག་ཟ་རུལ་ སུངས་ཀྱི་དཀའ་རྙོག་རྒྱ་ཁྱབ་ཏུ་ཕྱིན་ཡོད་པ་རྣམས་ཡིན་པ་རེད།

XS
SM
MD
LG