ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུཀ་རེན་གྱི་ནང་འཁྲུག་མཚམས་འཇོག་གི་གྲོས་མཐུན།


དེ་རིང་གཟའ་ཕུར་བུའི་ཉིན་འཇར་མན་ཎིའི་སྲིད་བློན་ཨན་གྷི་ལ་མར་ཁེལ་དང་ཧྥ་རན་སིའི་སྲིད་འཛིན་ཧྥ་སི་བ་ཨ་ལཱོང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་དང་ཡུཀ་རེན་གྱི་སྲིད་འཛིན་ཕུ་རོ་ཤཱན་ཁོ་རྣམས་བྷེ་ལོ་རུ་སུའི་རྒྱལ་ས་མཱིན་སིཀ་གྲོང་ཁྱེར་ལ་ལྷན་འཛོམས་གནང་སྟེ། ཁོང་ཚོས་ཡུཀ་རེན་གྱི་ཤར་ཕྱོགས་གཞུང་དམག་དང་ཁ་བྲལ་གྱེན་ལོག་པ་ཚོས་དམག་འཁྲུག་རྒྱག་གི་ཡོད་པའི་མཚམས་འཇོག་བྱ་རྒྱུ་དང་། ཕྱི་ཟླ་༢་ཚེས་༡༥་ཉིན་མེ་འཕེན་མཚམས་འཇོག་གི་གྲོས་དེ་མཐུན་ལག་ལེན་བསྟར་རྒྱུ། དེ་ནས་ཕྱོགས་གཉིས་ཀས་མེ་ཤུགས་འཕུར་མདའ་དང་མེ་སྒྱོགས་རུ་ཁག ལྕགས་འཁྲབ་འཁོར་ལོ་སོགས་ཀྱི་དཔུང་སྡེ་ཆེ་ཁག་རྣམས་དམག་ས་ཁག་ནས་ཕྱིར་བསྡུ་བྱ་དགོས་པའི་གྲོས་འཆམ་བྱུང་ཡོད་ཅིང་། ཡུཀ་རེན་གྱི་དཔལ་འབྱོར་ཉམས་རྒུད་སོང་ནས་མ་རྩ་བརྡིབ་ཉེན་ཡོད་པ་སྐྱོབ་ཐབས་སུ་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་ཨ་སྒོར་དུང་ཕྱུར་༤༠༠་བུ་ལོན་བསྐྱི་རྒྱུའི་ཐག་གཅོད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG