ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ས་ཁང་བཙན་འཕྲོག་དང་འབྲེལ་བའི་ཁྲིམས་བཤེར་ཞིག་མཚམས་འཇོག་དགོས།


རྒྱ་ནག་གི་ནང་ ས་ཁང་བཙན་འཕྲོག་བྱེད་མཁན་དེ་གྲས་ཀྱིས་ མི་གཅིག་གི་ཁྱིམ་ལ་འཛུལ་ཏེ། ནང་མི་ཚང་མར་ཉེས་བརྡུང་དྲག་པོ་བཏང་བར་བརྟེན། མི་དེས་རང་ཉིད་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་མི་གཉིས་ལ་གྲི་བརྒྱབས་ཏེ་མི་དེ་གཉིས་ཤི་བའི་གནས་ཚུལ་བྱུང་ཡོད་སྟབས། ད་ལྟ་ཁོང་ལ་ས་གནས་ཀྱི་ཁྲིམས་ཁང་ཞིག་ཏུ་ཁྲིམས་བཤེར་བྱེད་ཀྱི་ཡོད་ཅིང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཕྲག་མང་པོ་ཁྲིམས་བཤེར་བྱ་ཡུལ་དུ་བསྐྱོད་པར། ས་གནས་གཞུང་གི་ཉེན་རྟོག་པས་བཀག་སྟེ་རྒྱབ་སྐྱོར་བྱེད་མཁན་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་དེ་ལ། རྒྱལ་སྤྱིའི་ཉེས་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག དེ་ཡང་། གནས་ཚུལ་དེ་ནི། རྒྱ་ནག་གི་ཤར་ཕྱོགས་སཱུ་ཀྲུ་ས་གནས་སུ་བྱུང་ཡོད་པ་དང་། གཟའ་ལྷག་པའི་ཉིན། ས་གནས་དེའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཕྷེན་ མཱུ་ཇེན་ལ་མི་བསད་པའི་ནག་ཉེས་བཙུགས་ཏེ་ཁྲིམས་བཤེར་བྱེད་པའི་སྐབས། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མི་གྲངས་སུམ་བརྒྱ་ལྷག་ཁྲིམས་བཤེར་བྱེད་སར་སྐྱོད་རྩིས་བྱེད་པའི་སྐབས་གཞུང་གིས། ཉེན་རྟོག་པ་བཅུ་ཕྲག་ཁ་ཤས་བཏང་སྟེ། རྒྱབ་སྐྱོར་བ་དེ་རྣམས་བཀག་འགོག་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG