ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཁ་ཆེ་དྲག་སྤྱོད་པའི་འཛིན་བཟུང་འོག་ཡོད་པའི་མི་སྣ།


ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་གཞི་ཚུགས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་འཇོར་ཌན་གྱི་བཙོན་ཁང་དུ་བཅུག་ཡོད་པའི་ཨི་རཀ་གི་བུད་མེད་རང་སྲོག་བློས་གཏོང་བ་སྟེ། ས་ཇི་ཏ་ཨལ་རི་ཤ་ཝི་གཟའ་པ་ཕུར་བུའི་དྲོ་ཕྱོར་ཨི་རཀ་གི་དུས་ཚོད་ཉི་མ་མ་ནུབ་གོང་དུ་ཏུར་ཀིའི་ས་མཚམས་སུ་བསྐྱལ་ནས་གློད་གྲོལ་མ་བཏང་ཚེ། ཁ་ཆེ་དྲག་སྤྱོད་པ་ཚོས་འཛིན་བཟུང་བྱས་ཡོད་པའི་ཉི་ཧོང་གི་གསར་འགོད་པ་ཁན་ཇི་གོ་ཏོ་དང་འཇོར་ཌན་གྱི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་ཨལ་ཁ་ས་སི་བྷེ་གཉིས་སྐེ་བཅད་ནས་གསོད་རྒྱུ་ཡིན་ཞེས་དུས་ཚོད་གཏན་འབེབས་བྱས་ཀྱང་། འཇོར་ཌན་གཞུང་གིས་གནམ་གྲུའི་ཁ་ལོ་བ་ཨལ་ཁ་ས་སི་བྷེ་འཚོ་གནས་ཡིན་པ་ར་སྤྲོད་བྱ་དགོས། གལ་སྲིད་འཇོར་ཌན་གྱི་གནམ་དམག་ཁ་ལོ་བ་དེ་འཚོ་གནས་ཡིན་པ་བདེན་དཔང་ཐུབ་ན་རང་སྲོག་བློས་གཏོང་བ་སཱ་ཇི་ཏ་བཙོན་ཁང་གློད་གྲོལ་བཏང་སྟེ་ཁ་ཆེ་དྲག་སྤྱོད་པ་ཚོར་རྩིས་སྤྲོད་བྱ་ཆོག་ཅེས་ཁས་ལེན་བྱས་ཀྱང་། ད་སྔ་ཁ་ཆེ་དྲག་སྤྱོད་པ་ཚོས་དུས་ཚོད་བཀག་པ་ཡོོལ་ཟིན་པ་དང་འཇོར་ཌན་གྱི་གནམ་དམག་ཁ་ལོ་བ་དེ་འཚོ་གནས་ཡིན་པའང་ཁ་ཆེ་དྲག་སྤྱོད་པ་ཚོས་བསྟན་མེད་པས། ཉི་ཧོང་གཞུང་གིས་ཁ་ཆེ་དྲག་སྤྱོད་པའི་འཛིན་བཟུང་འོག་ཚུད་པའི་གསར་འགོད་པ་ཁན་ཇི་གོ་ཏོ་འཚོ་གནས་ཡིན་མིན་རྩད་གཅོད་གང་ཐུབ་དང་། གསར་འགོད་པ་དེ་གློད་གྲོལ་ཐུབ་པར་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG