ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གཞུང་གིས་བོད་ནང་གི་གྲོང་ཁྱེར་ཁག་རྒྱ་སྐྱེད་བྱ་རྒྱུའི་འཆར་གཞི་ཡོད་པ།


ཟླ་བ་འདིའི་ཕྱི་ཚེས་༡༤ རེས་གཟའ་ལྷག་པའི་ཉིན། རྒྱ་ནག་ནང་གྲོང་ཁྱེར་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ཚོགས་ཆེན་ཞིག་བསྐོངས་ཚོགས་བྱས་པའི་སྐབས་སུ་། ཕྱི་ལོ་༢༠༢༠ མཚམས་སུ། བོད་ནང་གི་གྲོང་ཁྱེར་ཁག་གི་མིའི་གྲངས་འབོར་དེ་འབུམ་གཉིས་དང་སྟོང་ཕྲག་༨༠ ཙམ་གྱི་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་ཡོད་པ་དང་། དེ་ཚོའི་ཁོངས་ནས་བོད་ནང་གི་གྲོང་ཁྱེར་ཆེ་བ་གསུམ་གྱི་མི་འབོར་དེ་འབུམ་ལྔ་ཆགས་རྒྱུ་དང་། གྲོང་ཁྱེར་འབྲིང་བ་གཉིས་ཀྱི་མིའི་གྲངས་འབོར་དེ་འབུམ་ཅིག་ཟིན་པ་བྱ་རྒྱུའི་འཆར་གཞི་གསལ་སྟོན་བྱས་ཡོད་པ་རེད། གནད་དོན་དཔྱད་ཞིབ་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གསུངས་དོན། རྒྱ་ནག་གཞུང་གི་སྲིད་བྱུས་འདི་ཡི་དམིགས་ཡུལ་གཙོ་བོ་དེ། རྒྱ་མི་རིགས་འབོར་ཆེན་པོ་བོད་ནང་གཞིས་སྤོ་བྱས་ཏེ། བོད་མིའི་འཐབ་རྩོད་ཀྱི་ངར་ཤུགས་གཅོག་རྒྱུ་དང་། ངོ་རྒོལ་རྔམ་སྟོན་རིགས་སྔོན་འགོག་བྱ་ཆེད་ཡིན་ཞིང། དེ་བཞིན། གལ་ཏེ་ རྒྱ་མི་རིགས་འབོར་ཆེན་པོ་ཞིག་བོད་ཀྱི་ས་ཁུལ་ལ་གཞིས་སྤོས་བྱས་པ་ཡིན་ཚེ། བོད་ཀྱི་ཆོས་དང་རིག་གཞུང་ སྐད་ཡིག་དང་བོད་མིའི་ངོ་བོ་སོགས་ལ་ཤུགས་རྐྱེན་ཧ་ཅང་ངན་པོ་ཐེབས་རྒྱུའི་ཉན་ཁ་ཡང་ཡོད་ལུགས་ བོད་དོན་རྒྱབ་སྐྱོར་བ་ཚོས་ཐུགས་འཚབ་གནང་བཞིན་ཡོད་པ་རེད།

XS
SM
MD
LG