ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྲིད་འཛིན་ཨོ་བྷ་མ་སའུ་དྷི་ཨ་རབ་ཀྱི་རྒྱལ་པོར་གུས་འཚམས་ཞུ་ཆེད་ཕེབས་ཐོན་གནང་བ།


ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་རྒྱ་གར་ནང་ཉིན་གསུམ་གྱི་གཟིགས་བསྐོར་ལེགས་པར་གྲུབ་སྟེ། དཀྱིལ་ཤར་ཡུལ་གྲུའི་ནང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་བློ་ཐག་ཉེ་ཤོས་སའུ་དྷི་ ཨ་རབ་ཀྱི་རྒྱལ་པོ་གསར་པ་སལ་མན་ལ་འཚམས་འདྲི་ཞུ་ཆེད་ཡུལ་དེར་ཕེབས་ཐོན་གནང་འདུག་པ་དང་། སྲིད་འཛིན་ཨོ་བྷ་མའི་ལྷན་དུ་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་གཞུང་གི་མཐོ་རིམ་མི་སྣ་བཅས་གནད་ཡོད་མི་སྣ་ ༢༧ སའུ་དྷི་ཨ་རབ་ལ་ཕེབས་ཐོན་གནང་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ ཀེ་རི་དང་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སི་ པི་ལོ་སི་རྣམ་གཉིས་སྲིད་འཛིན་ཨོ་བྷ་མའི་ལྷན་དུ་རྒྱ་གར་ལ་གཟིགས་བསྐོར་ཕེབས་ཡོད་པ་གཉིས་དང་ཨ་རིའི་གྲོས་ཚོགས་གོང་མའི་དམག་དོན་ཚོགས་ཆུང་གི་ཚོགས་གཙོ་ཇོན་ མེཀྐན་སོགས་སྲིད་འཛིན་གྱི་ལྷན་དུ་སའུ་དྷི་ ཨ་རབ་ལ་ཕེབས་ཡོད་འདུགསྲིད་འཛིན་ཨོ་བྷ་མ་རྒྱ་གར་ནས་ཕེབས་ཐོན་མ་གནང་གོང་རེས་གཟའ་མིག་དམར་ཉིན་དིལླིི་གསར་པའི་ཤྲི་ཕོརྜ་ཞེས་པའི་ཚོགས་ཁང་ཆེ་མོའི་ནང་རྒྱ་གར་གྱི་ན་གཞོན་ཚོར་ཟུར་དུ་བཀའ་སློབ་གནང་བའི་ནང་ཨ་རི་དང་རྒྱ་གར་གཉིས་མཉམ་ལས་ཀྱི་འབྲེལ་བ་གསར་པ་ཞིག་གི་ནང་མདུན་བསྐྱོད་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མས་རྒྱ་གར་ནང་ཤིན་ཏུ་ཚོར་སྣང་རྐྱེན་པའི་གནད་དོན་གཅིག་གི་སྐོར་གླེང་གནང་སྟེ་རྒྱ་གར་གྱི་རྩ་ཁྲིམས་ནང་མི་འབོར་ཆེ་བའི་ཧིན་དྷུ་ཆོས་ལུགས་དང་ཆོས་ལུགས་ཀྱི་གྲངས་ཉུང་མི་རིགས་ཚོའི་དབར་འདྲ་མཉམ་གནང་ཡོདཔ་དེ་སྲུང་སྐྱོབ་བྱེད་དགོས་པ་ཡིན་ཞེས་གསུངས་འདུག

XS
SM
MD
LG