ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ནང་སོག་གི་འབྲོག་པའི་ངོ་རྒོལ།


ནང་སོག་རང་སྐྱོང་ལྗོངས་ཀྱི་འབྲོག་པའི་རྩྭ་ཐང་སྟེང་དུ། རྒྱ་ནག་གཞུང་གིས་ གྲོང་ཁྱེར་འཛུགས་བསྐྲུན་དང་དམག་སྦྱོང་གི་ལྟེ་གནས་བཙུགས་པ་སོགས་བྱས་ཏེ་ འབྲོག་པ་ཚོའི་སྡོད་ཁྱིམ་དང་རྩྭ་སའི་བདག་དབང་ཤོར་བ་སོགས་དཀའ་ངལ་ རིམ་པ་འཕྲད་པར་བརྟེན། ཉེ་ཆར་ནང་སོག་གི་འབྲོག་པ་མང་ཚོགས་ཀྱི་འཐུས་ཚབ་འབྲོག་པ་ཁག་ཅིག་པེ་ཅིན་ལ་ཆེད་བསྐྱོད་ཀྱིས་ཉིན་བཅུ་བཞིའི་རིང་ལ་རྒྱ་ནག་དབུས་གཞུང་གི་དམག་སྤྱི་ལྷན་ཁང་སོགས་དབུས་གཞུང་གི་ལས་ཁུངས་བརྒྱ་ལྷག་ལ་ཞུ་བཏུགས་ཀྱི་ལས་འགུལ་སྤེལ་ཡང་གྲུབ་འབྲས་གང་ཡང་ཐོན་མེད་པ་དང་། ཡང་ནང་སོག་རང་སྐྱོང་ལྗོངས་ཁོངས་ཀྱི་འབྲོག་སྡེ་སོ་སོས་ས་གནས་སྲིད་གཞུང་གི་སྒོ་ཁར་དཀའ་ངལ་ཡར་ཞུ་བའི་ཞུ་བཏུགས་བྱས་ཀྱང་ ཉེན་རྟོག་པ་དང་དམག་མིས་དྲག་གནོན་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG