ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སོ་ཌི་ཨ་རེ་བི་ཡའི་རྒྱལ་པོ་གསར་པ་དང་ཁྲི་འཛིན་རྒྱལ་སྲས།


གཟའ་ཕུར་བུའི་ཉིན་སོ་ཌི་ཨ་རེ་བི་ཡའི་རྒྱལ་པོ་ཨབ་རྡུ་ལཱ་དགུང་ལོ་༩༠་ཐམ་པའི་ཐོག་ཏུ་འདས་གྲོངས་སུ་གྱུར་པ་དང་། རྒྱལ་པོའི་སྐུ་གདུང་ཕོ་བྲང་ནས་ཕྱི་ལ་དུར་སྦས་བྱེད་དུ་མ་འཁྱེར་གོང་དུ་རྒྱལ་སྲས་སཱལ་མན་རྡོ་སྣུམ་གྱི་གཏེར་ཁས་རབ་ཏུ་ཕྱུག་པའི་སོ་ཌི་ཨ་རེ་བི་ཡའི་རྒྱལ་པོ་གསར་པར་བསྐོ་བཞག་བྱས་པ་མ་ཟད། ཁོང་གིས་སོ་ཌི་ཨ་རེ་བི་ཡའི་རྒྱལ་པོ་དང་པོའི་ཚ་བོ་ཐ་ཆུང་རྒྱལ་སྲས་མོཧ་མེཏ་བིན་ཎ་ཡབ་མ་འོངས་པའི་ཁྲི་འཛིན་རྒྱལ་སྲས་ལ་བསྐོ་བཞག་བྱས་ཏེ། དེང་སྐབས་དཀྱིལ་ས་ཁུལ་དང་ཨ་རབ་རྒྱལ་ཁབ་ཁག་ལ་ནང་འཁྲུག་དང་གྱེན་ལོག་གསར་བརྗེ་ལངས་ནས་སྲིད་གཞུང་རིམ་པ་ཞིག་མགོ་རྟིང་སློག་གི་ཡོད་ཀྱང་སོ་ཌི་ཨ་རེ་བི་ཡའི་པའི་རྒྱལ་རྒྱུད་འཛིན་པའི་ལམ་ལུགས་དེ་ཉིད་ཇེ་བརྟན་དུ་བཏང་བའི་རྣམ་པ་ཞིག་བརྟན་པ་དང་། རྒྱལ་པོ་གསར་པ་སཱལ་མན་གྱིས་ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་རྩ་བ་ཚུགས་ཡོ་པའི་ཁ་ཆེའི་རྒྱལ་ཁམས་ཞེས་པའི་འཇིགས་སྐུལ་རིང་ལུགས་པ་དང་ཨི་རན་གྱི་ཤུགས་རྐྱེན། རྒྱལ་སྤྱིའི་ཁྲོམ་རེའི་ནང་དུ་རྡོ་སྣུམ་གྱི་རིན་གོང་ཆག་ནས་སོ་ཌི་ཨ་རེ་བི་ཡའི་དཔལ་འབྱོར་ཉམས་རྒུད་འགྲོ་སྲིད་པའི་ཉེན་ཀ་ཡོད་པ་དང་། ད་དུང་ཉེ་བའི་ལོ་ཤས་ཤིག་ནས་ཨ་མི་རི་ཀ་དང་སོ་ཌི་ཨ་རེ་བི་ཡའི་འབྲེལ་བ་སྡུག་ཏུ་སོང་བ་སླར་གསོ་བྱ་དགོས་པ་སོགསདཀའ་ངལ་སྣ་མང་ཞིག་ལ་གདོང་ལེན་བྱ་དགོས་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG