ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུ་གུར་ཁ་ཆེ་གཉིས་ལ་རྒྱ་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བསད་ཡོད་པ།


ཝེཏ་ནམ་ལ་བྲོས་བྱོལ་དུ་འགྲོ་རྩིས་བྱེད་མཁན་ཡུ་གུར་ཁ་ཆེ་གཉིས་ལ། ས་མཚམས་ཁུལ་དུ་ཡོད་པའི་རྒྱ་ནག་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བསད་ཡོད་པ་དང་། མི་དེ་གཉིས་དང་རོགས་པ་ཚོ་ཁག་ཅིག་ ཁྲིམས་འགལ་གྱི་ཐོག་ནས་ཝེཏ་ནམ་ལ་འཛུལ་རྩིས་བྱེད་པའི་སྐབས། ཉེན་རྟོག་པས་བཀག་པར་བརྟེན། མི་དེ་དག་གིས་གྲི་འཁྱེར་ཏེ་ཉེན་རྟོག་པར་འགོག་རྒོལ་བྱས་སྟབས། ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་མི་གཉིས་བསད་ཡོད་ལུགས། རྒྱ་ནག་གཞུང་གཉེར་གསར་ཁང་ཁག་གིས་གནས་ཚུལ་སྤེལ་ཡོད་པ་རེད། གནས་ཚུལ་དེ་ནི། ཝེཏ་ནམ་གྱི་ས་མཚམས་དང་ཉེ་བའི་རྒྱ་ནག་གི་ལྷོ་ཕྱོགས་གུང་ཤཱི་ཞིང་ཆེན་གྱི་གྲོང་ཁྱེར་པིང་ཤེང་དུ་བྱུང་ཡོད་པ་དང་། ཁུལ་དེའི་རྒྱ་ནག་གཞུང་གི་ཉེན་རྟོག་པས་མི་དེ་དག་གི་ཁོངས་ནས་གཉིས་འཛིན་བཟུང་བྱས་ཡོད་པ་དང་། གཅིག་བྲོས་ཕྱིན་སྟེ་ད་ལྟ་འཚོལ་ཞིབ་བྱེད་བཞིན་པ་ཡིན་འདུག བྲོས་བྱོལ་དུ་འགྲོ་རྩིས་བྱེད་མཁན་དེ་དག་ནི། རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པ་ཤིང་ཅང་གི་ཡུ་གུར་ཁ་ཆེའི་མི་རིགས་ཡིན་ཞིང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བརྗོད་དོན་བྱས་ན། རྒྱ་ནག་གི་དབང་བསྒྱུར་འོག་ཡུ་གུར་མི་རིགས་རྣམས་ལ་ཆབ་སྲིད་དང་། ཆོས་ཕྱོགས་ཀྱི་ཐད་བཙན་གནོན་ཆེན་པོ་ཕོག་གི་ཡོད་པར་བརྟེན། ཁོང་ཚོ་རང་སར་གནས་མ་ཆགས་པར་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་མི་འགྲོ་ཐབས་མེད་ཆགས་ཀྱི་ཡོད་པ་རེད།།

XS
SM
MD
LG