ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

པེ་ཅིང་གི་གྲོང་མི་ཚོས་ཀྲའོ་ཙེ་ཡང་ལ་མྱ་ངན་གུས་འདུད་ཞུས་ཡོད་པ།


བཅོས་བསྒྱུར་ལ་དགའ་ཞེན་ཆེ་བའི་རྒྱ་ནག་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཀྲའི་ཙེ་ཡང་དེ་སྔོན་ཕྱི་ལོ་ཕྱི་ལོ་༢༠༠༥འི་ཕྱི་ཟླ་དང་པོའི་ཚེས་༡༧གྱི་ཉིན་ཚེ་འཕོས་ཡོད་པ་ལྟར། དུས་ཚིཌ་དེར་སྲུང་རྩི་ཞུ་རྒྱུར་པེ་ཅིང་གི་གྲོང་མི་བརྒྱ་ཕྲག་མང་པོས་ཉེ་དུས་འདི་ཟླའི་ཚེས་༡༧གྱི་ཉིན་དམ་པ་དེ་ཉིད་ཚེ་འཕོས་སའི་ཁང་པའི་སྒོ་འགྲམ་དུ་འདུ་འཛོམས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཀྲའོ་ཡིས་ཕྱི་ལོ་༡༩༨༩འི་སློབ་ཕྲུག་གི་མང་གཙོ་དོན་གཉེར་གྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་ཡོད་པས་རྒྱ་ནག་གི་འགོ་འཁྲིད་ལྟེ་བ་ཏེང་ཤའོ་ཕིང་གིས་ཁོང་དམར་ཤོག་ཚོཌ་པའི་དྲུང་ཆེའི་མཚན་གནས་ནས་གནས་དབྱུངས་བཏང་སྟེ་ཁོང་རང་ཉིད་ཀྱི་གཟིམ་ཤག་ཏུ་བཟང་བཙོན་གྱི་འོག་བཞག་སྟེ། མཐར་ཁོང་༢༠༠༥ལོའི་ཕྱི་ཟླ་༡ ཚེས་༡༧ཉིན་ཚེ་འཕོས་ཡོད་པ་རེད། ཉེ་དུས་ཚེས་༡༧གྱི་ཉིན་ཁོང་ཚེ་འཕོས་པའི་དུས་ཚིགས་ལ་སྲུང་རྩི་ཞུ་རྒྱུ་འདུ་འཛོམས་དེའི་སར་རྒྱ་ནག་གི་འགོ་འཁྲིད་འདས་པོ་མའོ་ཚེ་ཐུང་གི་དྲུང་ཡིག་ལི་རུ་ཡི་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་ཟུར་པ་ལི་རུ་ཡི་གཉིས་ཐེ་བའི་མི་སྣ་ཆེ་རྒུ་མང་པོ་མཉམ་ཞུགས་བྱས་ཡོད་འདུག འདུ་འཛོམས་དེའི་སར་ཀྲའོ་ཙེ་ཡང་གི་བོུ་ཝཱང་ཡེ་ནེན་གྱིས་གཏམ་བཤད་བྱེད་པའི་སྐབས་ རྒྱ་མི་མང་པོས་ངའི་པཱ་ལཌ་ཀྱི་ཐུགས་རེ་འགེངས་ཐབས་བྱས་ཡོད་པ་རེད་ཅེས་བཤད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG