ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

འདོད་སྲེད་ཚིམ་པར་བྱེད་མཁན་བེུད་རྣམས་ཀྱི་གནད་དོན་དང་འབྲེལ་བའི་ཡིག་ཆ།


ཉི་ཧོང་གི་རྒྱལ་རབས་ལོ་རྒྱུས་ཐད་ཀྱི་སློབ་གྲྭའི་སློབ་དེབ་ཤིག་གི་ནང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ། ཉི་ཧོང་གི་དམག་མིའི་འདོད་སྲེད་ ཚིམ་བྱེད་དུ་བཙུགས་པའི་གཞང་ཁང་ཁག་གི་ནང་བེུད་རྣམས་བཙན་བཤེད་ ཀྱི་ཐོག་ནས་སྨད་ཚོང་མའི་ལས་ལ་བཀོད་སྤྱོད་བྱས་པའི་གནད་དོན་དང་འབྲེལ་བའི་བརྗོད་བྱ་བཀོད་ཕྱོགས་སུ་འགྱུར་བ་གཏོང་དགོས་ལུགས་ཉི་ཧོང་གཞུང་གིས་ འབོད་བསྐུལ་བྱས་པ་ཞིག་ཨ་མེ་རི་ཀའི་དཔར་ཁང་གཙོ་ཆེ་ཞིག་གིས་དང་ལེན་ བྱས་མེད་པ་རེད།

དེ་ཡང་ཨ་མེ་རི་ཀའི་གྲོང་ཁྱེར་ཆེན་པོ་ནེའུ་ཡོག་གི་ནང་རྟེན་གཞི་བྱས་པའི་ McGraw-Hill ཤེས་ཡོན་ལས་དོན་ཁང་གིས་རེས་གཟའ་ཕུར་བུའི་ཉིན་སྤེལ་ པའི་གསལ་བསྒྲགས་ཤིག་གི་ནང་། ཉི་ཧོང་གཞུང་གི་སྐུ་ཚབ་འཐུས་མི་རྣམས་ ཀྱིས། ཨ་མེ་རི་ཀའི་དཔར་བསྐྲུན་ལས་ཁང་ལ། སྔར་ལུགས་དང་། དེར་གདོང་ལེན་ ཞེས་མགོ་བརྗོད་དུ་འཁོད་པའི་འདས་པའི་ལོ་རྒྱུས་རྒྱལ་སྤྱིའི་འཆར་སྣང་དུ་ གསལ་ཐབས་སུ་དམིགས་པའི་ཀློག་དེབ་ཅིག་གི་ནང་། ཉི་ཧོང་གི་དམག་མིའི་ འདོད་སྲེད་ཚིམ་བྱེད་དུ་བཙན་འགུགས་བྱས་པའི་བེུད་རྣམས་ཀྱི་གནད་དོན་ དང་འབྲེལ་བའི་བརྗོད་བྱ་འགོད་ཕྱོགས་སུ་བསྐྱར་ཞིབ་བྱེད་དགོས་པའི་འབོད་ བསྐུལ་བྱས་ཡོད་ཀྱང་། ཞིབ་འཇུག་བྱས་ཏེ་གནས་ཚུལ་གསལ་བཀོད་བྱེད་ མཁན་རྣམས་ཀྱིས། བེུད་དམག་མིའི་འདོད་སྲེད་ཚིམ་བྱེད་དུ་བཙན་འགུགས་ བྱས་པའི་གནས་ཚུལ་དེ་ནི། དངོས་བྱུང་ལོ་རྒྱུས་ཤིག་ཡིན་པར་བརྟེན། དངོས་བྱུང་གི་ལོ་རྒྱུས་ལ་འགྱུར་བ་མེད་པར་མུ་མཐུད་དམ་འཛིན་བྱ་རྒྱུ་དེ། གལ་གནད་ཆེན་པོ་ཡིན་པ་ངོས་འཛིན་བྱས་ཏེ། ཉི་ཧོང་གཞུང་གི་འབོད་བསྐུལ་ལ་མོས་མཐུན་མ་བྱས་པའི་ལངས་ཕྱོགས་སུ་རྒྱལ་རབས་ལོ་རྒྱས་ཐད་ཀྱི་མཁས་པ་རྣམས་ཀྱིས། རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།

XS
SM
MD
LG