ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨེ་ཤེ་ཡའི་དད༌ལྡན་ས༌ཡ་མང་པོས་ཡི་ཤུའི་བླ་ཆེན་ལ་དགའ་བསུ་ཞུ་འཆར་ཡོད་པ།


ཡི་ཤུའི་ཆོས་ལུགས་ཀྱི་བླ་ཆེན་ཕེརན་སེས་རེས་གཟའ་མིག་དམར་ཉིན་ནས་ཤི་རི་ལང་གའི་གླིང་ཕྲན་ནས་འགོ་འཛུགས་ཀྱི་གླིང་ཆེན་ཨེ་ཤེ་ཡའི་ཡུལ་གྲུ་འགའ་ཤས་ཤིག་ལ་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད།

ཤིརི་ལང་གའི་ནང་སྟོན་པ་ཡི་ཤུ་མ་ཤི་ཁའི་ཆོས་ལུགས་ཀྱི་དད་ལྡན་པ་མི་མང་ས་ཡ་ ༢༠ ཐམ་པ་ཡོད་པ་དེ་དག་གིས་བླ་ཆེན་པོབ་ལ་ཕེབས་བསུ་ཟབ་རྒྱས་ཞུ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ༌དང་།

དེ་རྗེས་བླ་ཆེན་པོབ་ཕེ་མི་པིན་ནང་གཟིགས་སྐོར་གནང་རྒྱུ་ཡིན་པ་དེ་སྐབས་རྒྱལ་ས་མ་ནི་ལར་དད་ལྡན་མི་གྲངས་ས་ཡ་ ༦ འདུ་འཛོམས་ཀྱིས་ཁོང་ལ་ཕེབས་བསུ་ཞུ་འཆར་ཡོད་པ་སོགས་ཀྱི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཕྱོགས་བསྡུས། ཤིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་།སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG