ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གིས་ཞི་བདེའི་གཟེངས་རྟགས་བཞེས་མཁན་གློད་འགྲོལ་གཏོང་དགོས་པ་ཡིན་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེས་གསུངས།


རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་བཙོན་པ་ནཱོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཤཱ་པཱོ་ གློད་འགྲོལ་ངེས་པར་དུ་གཏོང་དགོས་པ་ཡིན་ཞེས། ཁོང་ལ་བཙོན་འཇུག་གི་བཀའ་བཅད་བཏང་སྟེ་ལོ་ལྔ་འཁོར་བའི་དུས་དྲན་གྱི་ཉིན་མོ། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ལ་ནན་བརྗོད་བྱས་པ་ཡིན་ཞེས། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ ཀཱེ་རི་ཡིས་གཟའ་ལྷག་པའི་ཉིན་གསུངས་ཡོད་པ་རེད། དེ་ཡང་། དེ་ཉིན་སྐུ་ཞབས་ཀཱེ་རི་ཡིས་གསུང་འཕྲིན་ཞིག་གནང་ཡོད་པ་དེའི་ནང་། རྒྱ་ནག་གཞུང་གིས་སྐུ་ཞབས་ལིའུ་ཤཱ་པོ་དོ་དམ་དང་བཙོན་འཇུག་འོག་མུ་མཐུད་བཞག་པ་དང་། ཁོང་གི་བཟའ་ཟླ་ལིའུ་ཤཱ་རང་ཁྱིམ་དུ་དོ་དམ་བཀར་ཉར་བྱས་ཏེ་བཞག་པའི་གནས་ཚུལ་གྱི་ཐད། ཨ་མི་རི་ཀའི་གཞུང་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་རྒྱ་ནག་གཞུང་ལ་སྐུ་ཞབས་ལིའུ་ཤཱ་པོ་གློད་འགྲོལ་གཏོང་དགོས་པ་དང་། ཁོང་གི་བཟའ་ཟླ་ལིའུ་ཤཱ་ལ་དམ་དྲག་བྱེད་བཞིན་པ་དེ་དག་ཚང་མ་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བསྐྱར་དུ་བྱ་རྒྱུ་ཡིན་ཞེས་གསུངས་འདུག

XS
SM
MD
LG