ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་གྱི་གཞུང་འཛིན་ཚོགས་པར་འོས་བསྡུ་ཕམ་ཉེས་བྱུང་ཡོད་ནའང་རྒྱ་ནག་དང་འབྲེལ་ལམ་མུ་མཐུད།


Taiwan
Taiwan

ཉེ་ཆར་ཐེ་ཝན་གྲོང་ཁྱེར་གྱི་སྤྱི་ཁྱབ་འོས་འདེམས་བྱས་པའི་སྐབས་ད་ལྟའི་གཞུང་འཛིན་ཚོགས་པ་གོ་མིང་ཏང་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་དང་། གྲོང་ཁྱེར་གྱི་མཐའ་སྐོར་ས་ཁུལ་ནས་གོ་མིང་ཏང་གི་འོས་དམིགས་ཨེ་རིག་ཅུ་ཁེར་རྐྱང་ལ་འོས་ཤོག་ཐོབ་ཡོད་པ་དང་། ཁོང་རིང་མིན་གོ་མིང་ཏང་ཚོགས་པའི་ཚོགས་གཙོར་འདེམས་བསྐོ་བྱ་རྒྱུ་ཡིན་ཅིང་། ད་ལྟའི་སྲིད་འཛིན་མཱ་ཡིན་ཅའུ་ཡིས་ཚོགས་པར་འོས་བསྡུ་ཕམ་ཉེས་ཆེན་པོ་བྱུང་བར་བརྟེན་རང་ངོས་ནས་ཚོགས་པའི་འགོ་འཛིན་དང་། སྲིད་འཛིན་གྱི་ལས་གནས་ནས་དགོངས་ཞུ་བྱ་རྒྱུ་ཡིན་པ་རེད། ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་དེ་ཕྱི་ལོ་ ༢༠༡༦ ལོར་ཡིན་སྟབས་དེའི་བར་གོ་མིང་ཏང་གིས་འགོ༌འཛིན་གསར་པ་འོས་འདེམས་བྱ་རྒྱུ་ཡིན༌པའི་སྐུ་ཞབས་ཨེ་རིག་ཅུ་ཡིས་རང་ཉིད་ཐེ་ཝན་གྱི་སྲིད་འཛིན་ལས་གནས༌སུ་བསྐོ༌བཞག་བྱུང་བ་ཡིན་ན་རྒྱ་ནག་དང་མཉམ་དུ་ད་ལྟ་ཡོད་བཞིན་པའི༌འབྲེལ་བ་དེ་མུ༌མཐུད་ནས་གནས་རྒྱུ་ཡིན་པའི་གཏམ་བཤད་བྱས་པ་སོགས་ཀྱི་གནས་ཚུལ་ཕྱོགས་བསྡུས་ཤིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་ཞུས་པ་ཞིག་གསན་རོགས་གནང་།།

XS
SM
MD
LG