ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

རྒྱ་ནག་གིས་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་འགུག་ཐབས་བྱེད་པ།


རྒྱ་ནག་གི་ནང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ལ་འགྱུར་བ་གཏོང་ཆེད་རྒྱ་ནག་གཞུང་གིས་ཐོངས་མཆན་མི་དགོས་པར་རྒྱ་ནག་གི་རྒྱལ་ས་པེ་ཆིང་ནང་ཚུད་༩༦རིང་བསྡད་ཆོག་པའི་ཐབས་ལམ་ཁག་ཅིག་འཛིན་འཆར་ཡོད་པ་དང་ རྒྱ་ནག་གི་ནང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོད་འཆམ་པ་ཇེ་ཉུངདུ་འགྲོ་འགོ་སྤྱི་ལོ་༢༠༡༢ལོ་འགོ་ནས་འགོ་ཚུགས་ཡོད་རེད་ རྒྱ་ནག་གི་སྤྱི་བདེ་ལྷན་ཁང་གི་མི་སྣ་ཞིག་གིས་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཐོངས་མཆན་མི་དགོས་པར་བསྡད་ཆོག་པའི་ཐབས་ལམ་གྱིས་བདེ་འཇགས་ཀྱི་ཐད་བློ་འཚབ་དགོས་པ་འགྱུར་རྒྱུ་ཡིན་པ་བཤད་ཡོད་པའི་སྐོར་གསར་གནས་ཁག་གཞི་བཟུང་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་དེ་གསན་གྱི་རེད།

XS
SM
MD
LG