ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་བོད་རིགས་ཚན་རིག་པ་ཚོར་གསུང་བཤད་གནང་ཡོད་པ།


༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ར་ཤི་ཡའི་མི་རིགས་བརྒྱ་ཕྲག་ལ་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་གསུང་ཆོས་བཀྲིན་བརྩལ་བའི་རྗེས་གང་ཉིད་འདི་ཟླའི་ཚེས་༢༣ ནས་བཟུང་མུནྜ་གྷོཌ་བོད་མིའི་གཞིས་སྒར་འདོད་རྒུ་གླིང་དུ་བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུར་མུནྜ་གྷོཌ་ལ་ཕེབས་འཆར་ཡོད་པའི་སྐབས་འདིར། ཕེབས་ལམ་དུ་རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་ཀར་ན་ཀྲ་ཀའི་གྲོང་ཁྱེར་ཀྲུམ་ཀུར་གྱི་གཙུག་ལག་སློབ་གཉེར་ཁང་ནང་ཕྱི་ནང་གི་སློབ་ཕྲུག་ཚོར་ལོ་རབས་གསར་པའི་བཟང་སྤྱོད་ཀྱི་སྐོར་ལ་བཀའ་སློབ་བཀྲིན་བརྩལ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། ༧གོང་ས་མཆོག་ཆིབས་བསྒྱུར་འདིའི་སྐོར་ལ་ང་ཚོས་ལྷོ་སྤྱི་སྐོུ་ཀརྨ་སཻངྒ་ལཌ་ལ་གནས་འདྲི་ཞུས་པ་ཁག་ཅིག་ཞུ་གི་ཡིན།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG