ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཕུ་ཀྲི་ཆང་གི་ཆུང་མས་ཞིས་ཅིན་ཕིང་ལ་ཕུལ་པའི་ཞུ་ཡིག


ད་ལོའི་ཕྱི་ཟླ་༦་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་ཕུ་ཀྲི་ཆང་འཛིན་བཟུང་བྱས་པ་དང་། དེ་རིང་ཕྱི་ཟླ་༡༢་ཚེས་༡༩་ཉིན་ཕུ་ཀྲི་ཆང་གི་ཆུང་མ་མུང་ཆུན་གྱིས་སྲིད་འཛིན་ཞིས་ཅིན་ཕིང་ལ་ཡོངས་གྲགས་ཀྱི་སྙན་ཞུ་ཞིག་ཕུལ་ཏེ། འདས་པའི་ཟླ་བ་གསུམ་གྱི་རིང་དུ་ཕུ་ཀྲི་ཆང་ལ་བཙོན་ཁང་ནང་དུ་ཧ་ལམ་ཉིན་ལྟར་དུས་ཡུན་ཆུ་ཚོད་༡༠་ལྷག་ལ་འདྲི་གཅོད་བྱས་ཡོད་ཅིང་། ཁོང་ལ་འདྲི་གཅོད་སྐབས་སུ་མནར་གཅོད་གཏོང་གི་ཡོད་པ་ན་སོ་དར་ལ་བབ་པའི་ཕོ་གསར་ཞིག་གིས་ཀྱང་བཟོད་སྒོམ་དཀའ་བས། ཕུ་ཀྲི་ཆང་ལ་ལུས་སེམས་གཉིས་ཀྱི་མནར་གཅོད་དྲག་པོ་གཏོང་གི་ཡོད་པ་མྱུར་དུ་མཚམས་འཇོག་བྱ་རྒྱུ་དང་། ཁོང་གིས་མི་ཚེ་ཧྲིལ་བོར་ཉམ་ཆུང་ལ་རོགས་སྐྱོབ་བྱས་ནས་ཁྲིམས་རྩོད་བྱས་ཡོད། ཁོང་ལ་ནག་ཉེས་མེད། ཕུ་ཀྲི་ཆང་ལ་ནག་ཉེས་འདྲ་མིན་ཞིག་བཙུགས་ཡོད་པ་དེ་ལ་ཁུངས་ལུང་གང་ཡང་མེད། ཁོང་ལ་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་ནག་ཉེས་དེ་དག་བཙན་འགེལ་བྱས་པ་རེད་ཅེས་བཀོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG