ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིས་མནར་གཅོད་བཏང་བའི་ཐད་རྒྱལ་ཚོགས་ཀྱི་ཚོགས་འདུ་འཚོག་དགོས་ལུགས་བྱང་ཀོ་རི་ཡེས་བརྗོད།


དམར་ཤོག་བྱང་ཀོ་རི་ཡས་རང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་བསྡུར་གནང་རྒྱུའི་ཚབ་ལ། ཨ་མི་རི་ཀའི་དབུས་གསང་འཕྲིན་ལས་ཁང་སཱི་ཨཱཡི་ཨེ་ཡིས་འཇིགས་བསྐུལ་རིང་ལུགས་པ་ཡིན་པའི་དོགས་ཡོད་བཙོན་པར་མནར་གཅོད་བཏང་བའི་གནས་ཚུལ་ཐད་གྲོས་བསྡུར་བྱེད་དགོས་པ་ཡིན་ཞེས། བདེ་འཇགས་ལས་འཛིན་ལྷན་ཁང་ལ་ཞུས་ཡོད་པ་རེད། དེ་ཡང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་བྱང་ཀོ་རི་ཡའི་གཞུང་ཚབ་ཇྷ་ སོང་ནཱམ་གྱིས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ད་ལྟའི་གཙོ་འཛིན་Chadཡུལ་གྱི་རྒྱལ་ཚོགས་ནང་གི་གཞུང་ཚབ་ལ་སྙན་ཞུ་ཞིག་ཕུལ་ཏེ། ཀོ་རི་ཡ་མི་མང་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཟེར་བ་དེ་ནི། ཆབ་སྲིད་ཀྱི་ཀུན་སློང་ངན་པ་འཁྱེར་དེ་རྫུན་བཟོ་བྱས་པ་ཞིག་ཡིན་པས། དེ་ནི་མངའ་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཀྱི་ཐད་འབྲེལ་བ་གང་ཡང་མེད་པ་ཞིག་རེད། དེ་ལས་ལྡོག་སྟེ། ཨ་མི་རི་ཀའི་དབུས་གསང་འཕྲིན་ལས་ཁང་སཱི་ཨཱཡི་ཨེ་ཡིས་དོགས་ཡོད་བཙོན་པར་གདུག་རྩུབ་ཧ་ཅང་ཆེན་པོས་མནར་གཅོད་བཏང་བའི་གནས་ཚུལ་བྱུང་ཡོད་པ་ཉེ་དུས་ཕྱི་བསྒྲགས་བྱས་ཡོད་པ་དེ་ཚོ་ནི། འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་ཚབས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གནད་དོན་འདི་གྲོས་གཞིའི་ཁོངས་སུ་བཅུག་སྟེ། དེའི་ཐད་ཞིབ་དཔྱོད་མཐིལ་ཕྱིན་པ་བྱེད་དགོས་པའི་རེ་བསྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།།

XS
SM
MD
LG