ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཧོང་ཀོང་གི་ཐོབ་ཐང་མེད་པ་བཟོས་ཡོད་པ།


དེ་སྔ་ཕྱི་ལོ་༡༩༨༤ལོར་རྒྱ་ནག་དང་དབྱིན་ཡུལ་གཉིས་ཀྱིས་ཧོང་ཀོང་གི་ནང་རང་སྲིད་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུའི་འགན་ལེན་གྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་པ་དེ་ད་ཆ་རྒྱ་ནག་གིས་བརྩི་མེད་དུ་བཏང་ཡོད་པ་རེད་ དེ་ཡང་འབྱུང་འགྱུར་ཕྱི་ལོ་༢༠༡༧ལོར་ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་འདེམས་བསྐོ་བྱེད་པའི་སྐབས་ འོས་མི་རྣམས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱེད་པའི་ཚོགས་ཆུང་ཞིག་གིས་འདེམས་སྒྲུག་བྱ་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་པར་བརྟེན་ ཧོང་ཀོང་གི་སློབ་ཕྲུག་གཙོ་བོར་གྱུར་བའི་མང་གཙོ་དོན་གཉེར་བ་རྣམས་ཀྱིས་ཧོང་ཀོང་ས་གནས་ཀྱི་མ་འོང་འགོ་ཁྲིད་ས་གནས་མི་མང་གིས་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་བསྡུ་བྱེད་ཆོག་པའི་དགོས་འདུན་བཏོན་ཏེ་ཉིན་གྲངས་༧༥ཙམ་ཞིག་གི་རིང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དེ་ གཟའ་འཁོར་སྔོན་མ་མཇུག་བསྒྲིལ་བྱེད་དགོས་བྱུང་ཡོད་ཅིང་ དེ་ནི་རྒྱ་ནག་གཞུང་གིས་རང་དང་ཆབ་སྲིད་ཀྱི་ཐད་ལྟ་སྤྱོད་མི་མཐུན་པ་རྣམས་ལ་དམ་བསྒྲགས་ཇི་ཙམ་བྱེད་ཀྱི་ཡོད་པའི་གནས་ཚུལ་གསལ་པོ་ད་རེས་ར་འཕྲོད་བྱུང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG