ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

༧གོང་ས་མཆོག་ཨི་ཌི་ལིར་ཆིབས་བསྒྱུར་ལེགས་གྲུབ་བྱུང་སྟེ་རྒྱ་གར་ལ་ཕྱིར་ཕེབས་མཛད་ཡོད་པ།


སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནོ་བྷཱེལ་ཞི་བདེའི་གཟེངས་རྟགས་བྱ་དགའ་བཞེངས་མྱོང་ཡོད་པའི་མི་སྣའི་ཆེས་མཐོའི་ལྷན་འཛོམས་༡༤པར་མཉམ་ཞུགས་མཛད་རྒྱུར་གང་ཉིད་དེང་སང་ཨི་ཌི་ལིའི་རྒྱལ་ས་རོམ་ནང་ཆེད་ཕེབས་གནང་ཡོད་པ་ལྟར། ༧གོང་ས་མཆོག་གིས་ཁ་ས་ཨི་ཌི་ལིའི་རྒྱལ་ས་རཱོམ་ནང་གསར་འགོད་ལྷན་འཛོམས་ཤིག་ལ་གསུང་བཤད་གནང་བ་སོགས་མཛད་དེ་རོམ་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་༧གོང་ས་མཆོག་རྒྱ་གར་ལ་ཕྱིར་ཕེབས་མཛད་ཀྱི་ཡོད་འདུག

XS
SM
MD
LG