ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

རྒྱ་རིགས་ཤེས་ལྡན་པ༣༧གྱིས་༸གོང་ས་མཆོག་ལ་ཕུལ་བའི་འཚམས་འཕྲིན།


༢༠༡༣
༢༠༡༣

ད་ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་༡༢་ཉིན་མོ་ནི་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ནོར་བྷེ་ཞི་བདེ་གཟེངས་རྟགས་འབུལ་བཞེས་གནང་སྟེ་མི་ལོ་ཧྲིལ་བོར་༢༥འཁོར་བཞིན་ཡོད། ཉིན་མོ་ཁྱད་པར་ཅན་འདི་ལ་རྒྱ་རིགས་ཤེས་ལྡན་མི་སྣ། དམངས་གཙོ་དོན་གཉེར་བ་དང་ རྩོམ་པ་པོ། ཁྲིམས་རྩོད་པ། རྒྱ་ནག་གཞུང་གི་ལས་བྱེད་ཟུར་བ་སོགས་མི་ཐོག་མ་འདྲ་བ་གསུམ་ཙམ་འདུས་པའི་རྒྱ་རིགས་༣༧ གིས། ༧གོང་ས་མཆོག་ལ་རྟེན་འབྲེལ་གྱི་འཚམས་འཕྲིན་ཕུལ་ཡོད་པ་དང་། དེ་དང་མཉམ་དུ་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་སེམས་ཚོར་གྱི་ཡིག་བྱང་༣༧བཅས་རྒྱ་ཡིག་གི་Boxunདྲ་ཚིགས་སོགས་སུ་བཀོད་འདུག ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་ལགས་ཀྱིས་འདི་ཀ་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན། རྒྱ་རིགས་༣༧གྱིས་ཐེངས་འདིར་འཚམས་འཕྲིན་ཕུལ་བའི་ནང་དུ། ༧གོང་ས་མཆོག་གིས་ནང་བ་སངས་རྒྱས་པའི་ཆོས་ལས་བྱུང་བའི་བཟང་སྤྱོད་ཁྱབ་བརྡལ་གྱི་མཛད་འཕྲིན་འདི་ཡིས་ཀུན་སྤྱོད་ཉམས་ཞན་དུ་འགྲོ་བཞིན་པའི་རྒྱ་རིགས་ཚོའི་རིན་ཐང་གི་ལྟ་ཚུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་དང་། འདི་ནི་ནང་བ་སངས་རྒྱས་ཀྱི་ལྟ་གྲུབ་ཁོ་ན་ལ་བརྟེན་པ་མ་ཡིན་པར་༧གོང་ས་ཏླ་ལའི་བླ་མ་སྐུ་སྒེར་གྱི་བྱམས་བརྩེའི་ཐུགས་དགོངས་ཀྱི་རྣམ་དཔྱོད་དང་ཤེས་རབ་ལས་བྱུང་བའི་མཛད་པ་ངོ་མཚར་བ་ཞིག་ཡིན་པ་སྔར་དང་མི་འདྲ་བའི་ངོས་འཛིན་གསལ་བོར་འབྱང་བཞིན་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG